སྐྱིད་གྲོང་རྫོང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འབྲེལ་གཏུག་ཁང་གི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འབྲེལ་གཏུག་ཁང་འཛུགས་རྒྱུའི་ཇུས་གཞི》འགྲེམས་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱིད་གྲོང་རྫོང་ཇོ་མོ་གླང་མ་དོ་དམ་ཅུས་དང་མཉམ་དུ“སྐྱིད་གྲོང་རྫོང་གི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འབྲེལ་གཏུག་ཁང”གི་སྒོ་བྱང་བཀལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་རྫོང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འབྲེལ་གཏུག་ཁང་འཛུགས་དོན་ནི། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཞིབ་དཔྱོད་ཁྲིམས་འཛིན་སྲུང་སྐྱོང་དང་ནགས་ལས་དང་རྩྭ་ཐང་ཆེད་ལས་སྲུང་སྐྱོང་གི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དེ་བས་ལེགས་པ་བྱ་ཆེད་རེད། ཚན་པ་གཉིས་ཀྱིས་ཞིབ་དཔྱོད་འབྲེལ་གཏུག་ཁང་ལ་བརྟེན་ནས་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་དོན་དང་སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་ལ་སྐུལ་འདེད་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ཞིབ་ཕྲ་རུ་དང་འགན་འཁྲི་ནན་དུ་གཏོང་བ། ཤུགས་སྒྲིལ་མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འབྲེལ་གཏུག་ཁང་གི་འགན་ནུས་འདོན་པ་བཅས་བྱས་ཏེ་སྐྱིད་གྲོང་རྫོང་གི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།