བོད་ལྗོངས་ཀྱིས་སོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། བོད་ལྗོངས་ཀྱི་སོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཞིང་འབྲོག་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ། སོན་གསོའི་གསར་གཏོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སོན་བཟང་གསོ་སྤེལ་དང་ཁྱབ་གདལ་མ་ལག་རགས་ཙམ་ཆགས་པ་བཅས་བྱུང་ནས། སོན་ལས་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།

གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ལྗོངས་ཡོངས་སུ་ལོ་ཏོག་གཞི་རྒྱུའི་ཐོན་ཁུངས་མཛོད་2བཙུགས་ནས་གཞི་རྒྱུའི་ཐོན་ཁུངས་ཁྲི་1.5ལྷག་ཙམ་སྲུང་སྐྱོང་ནུས་ལྡན་བྱས་པའི་ཁྲོད་ལོ་ཏོག་འབོར་ཆེན་གྱི་ས་གནས་སྣ་ག་དང་། རི་སྐྱེས་སྣ་ག ཉེ་རྐྱེན་སྐྱེ་དངོས་སོགས་རི་སྐྱེས་རྩྭ་རིགས་ཚུད་ཡོད་པ་དང་། “བོད་ནས་ཨང་16པ”སོགས་ལོ་ཏོག་སྣ་ག་གསར་པ་ཁག་གཅིག་འདེམས་གསོ་བྱས་ནས་གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་རྒྱུའི་ཚོགས་པ་ཧྲིལ་པོའི་སྟར་སྒྲིག་རི་མོ་ཐོག་མ་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག ནས་ཀྱི་ཆ་རྡུལ་གྱི་སོན་གསོ་ལག་རྩལ་མ་ལག་དང་རྒྱལ་ནང་གི་ནས་ཀྱི་ལྟེ་བའི་སོན་རྒྱུའི་མཛོད་ཐོག་མ་ཡང་བཙུགས་པས། ནས་ཀྱི་སོན་རྒྱུའི་ཐོན་ཁུངས་དཔྱད་སྡོམ་དང་ཕན་ནུས་གཞི་རྒྱུ་སྔོག་འདོན་སོགས་གཞི་རྩའི་ཞིབ་འཇུག་ལས་དོན་རྒྱལ་ནང་གི་མདུན་གྲལ་དུ་བསླེབས་ཡོད། དེང་རབས་སོན་ལས་མཐོར་འདེགས་འདུ་འགོད་ཁག་གཅིག་ལག་བསྟར་བྱས་ཏེ་ནས་དང་། གྲོ པད་ཁ། ཞོག་ཁོག འབྲི་གཡག ལུག་སོགས་ས་གནས་ཀྱི་ཁྱད་ལྡན་ལེགས་ལྡན་སོན་ལས་ཀྱི་སོན་བཟང་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། ལྗོངས་ཡོངས་ཀྱི་ལོ་ཏོག་གི་སོན་བཟང་ཁྱབ་ཚད་90%ཡན་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད་30%ཟིན་རྒྱུར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།