གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ངས་མང་ཚོགས(གཞི་རིམ)ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དང་གཞི་རིམ་ལ་ཞབས་འདེགས་ཞུ་རྒྱུ་ལག་ལེན་བྱེད་སྒོའི་དམ་འཛིན་བྱ་གཞིར་བྱས་ཏེ། དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་མང་ཚོགས་དང་གཞི་རིམ་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

ཉིང་ལག་རུ་ཁག་དེས་མེ་ཟོན་ལྟ་སྐུལ་ལས་སྒོའི་རྐང་འཛིན་པ་བཀོད་སྒྲིག་གིས་ས་གནས་ས་ཐོག་གི་སློབ་ཁྲིད་གསོ་སྦྱོང་ཐེངས་120ལྷག་ཙམ་སྒྲིག་འཛུགས་བྱས་པར་གཞིས་རྩེ་གྲོང་ཁྱེར་གྱི་གཙོ་གནད་ཚན་པའི་མེ་ཟོན་བདེ་འཇགས་དོ་དམ་པ་དང་མེ་ཟོན་སྒྲིག་བཀོད་བཀོལ་སྤྱོད་བྱེད་མཁན་མི་ཐེངས་2000ལྷག་ཞུགས་ཡོད་པ་རེད། ཁོང་ཚོ་རང་ཉིད་ཀྱིས《སློབ་གྲྭའི་མེ་ཟོན་བདེ་འཇགས་སྐོར་གྱི་ཉེན་ཟོན་སློབ་གསོའི་གློག་བརྙན》པར་ལེན་ཕན་སྐྲུན་བྱས་པ་མ་ཟད། ད་དུང་དབྱར་གསེང་མེ་ཟོན་དང་བླངས་པ་གདན་དྲངས་ནས་ཞིང་འབྲོག་ཁུལ་དང་ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་སྐོར་གྱི་རྒྱུན་ཤེས་དྲིལ་བསྒྲགས་ཐེངས་50ལྷག་བྱས་པ་རེད། སློབ་འགོ་འཛུགས་སྐབས། གཞི་རིམ་གྱི་རུ་ཆེན་21གིས་མཉམ་དུ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”མེ་ཟོན་དྲིལ་བསྒྲགས་སློབ་གསོ་གསོ་སྦྱོང་ཐེངས་500ལྷག་བྱས་ནས། “བྱིས་པ་གཅིག་ལ་སློབ་གསོ་བཏང་ནས་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱེད་པའི”རྣམ་པ་བཟང་པོ་བཏོད་ཡོད། སྒོར་ཁྲི་22བཏང་ནས་རང་ཚུགས་རྣམ་པའི་དུ་བཤེར་མེ་སྐྱོན་འཚོལ་ཞིབ་ཡོ་ཆས་4500ཉོས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་རིན་མེད་ངང་སྤྲད་དེ་ཞིང་འབྲོག་ཁུལ་གྱི་མེ་སྐྱོན་འགོག་སྲུང་བྱེད་པའི་ཚན་རྩལ་བྱེད་ཐབས་ཁྱོན་ཡོངས་ནས་མཐོར་འདེགས་བྱས་པ་རེད།

འབྲོང་པ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་འབྲོང་པ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་མཐུན་སྦྱོར་བྱས་ཏེ་རྫོང་དེའི་ཤང་དང་གྲོང་རྡལ་13གྱི་དགོན་སྡེ་10ཡི་མེ་ཟོན་ས་ཚིགས་ཆུང་ངུར་མེ་ཟོན་སྒྲིག་བཀོད་དང་ཡོ་ཆས་1200(ཆ་ཚང)སྤྲད་པ་རེད། གམ་པ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་དེའི་སྲིད་འཛིན་གྲོང་ཚོ་30དང་རིག་དངོས་བཟོ་བཀོད་2ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་མེ་ཟོན་ས་ཚིགས་ཆུང་ངུར་ཡོ་ཆས་སྤྲོད་པའི་མཛད་སྒོ་འཚོགས་པ་མ་ཟད། ད་དུང་གམ་པ་རྫོང་སྲིད་གཞུང་དང་མཐུན་སྦྱོར་བྱས་ནས་མ་དངུལ་སྒོར་ཁྲི་18བཏང་སྟེ་མེ་གསོད་ཡོ་ཆས་སོགས་ཡོ་ཆས་རིགས་12ཉོས་པ་རེད།

ཆེད་སྤྱོད་མ་དངུལ་སྒོར་ཁྲི་60ལྷག་བཏང་ནས་རིགས་གཅིག་མཁས་ཅན་11ལས་གྲུབ་པའི་ཚོགས་པ་གདན་དྲངས་ཏེ་ཆུར་འཛུལ་ལག་རྩལ་དང་། གྲུ་གཟིངས་གཏོང་སྟངས། ས་ཡོམ་རོཌ་སྐྱོབ། འཁོར་རིགས་ལས་འཛོལ་ཐག་གཅོད་སོགས་ཐད་ཀྱི་ཆེད་ལས་རྩལ་ནུས་དང་ཆེད་ལས་དཀོན་རིགས་ལ་གཙོ་བོར་དམིགས་ནས་གཅིག་བསྡུས་ཐོག་གསོ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།