“སྣོན་ཐབས་བཞི”དང“འཕྲི་ཐབས་ལྔ”ཡག་པོ་སྤྱད་པ།

—— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་གསོ་དག་ཐེར་གྱི་ཞིབ་བཤེར་བཅོས་སྒྲིག་དང་ཡོ་བསྲང་བྱ་རྒྱུ་དེ་གཏིང་ཟབ་དང་། ཏན་ཏིག དོན་དངོས་བཅས་ཡོང་བར་སྐུལ་འདེད་བཏང་བ།

ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་དེ་ཞིབ་བཤེར་བཅོས་སྒྲིག་དང་ཡོ་བསྲང་བྱེད་པའི་ལྷུ་ཚིགས་ལ་སླེབས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གིས་དམིགས་ཚད་ཀྱི་ལས་འགན་ལ་དམ་པོར་དམིགས་པ་དང་། ཚུགས་གནས་མཐོ་པོས་འཆར་འགོད་དང་བཀོད་སྒྲིག་བྱས་པ། ཚད་གཞི་མཐོ་པོས་སྒྲིག་འཛུགས་དང་སྐུལ་འདེད་བཏང་སྟེ“སྣོན་ཐབས་བཞི”དང“འཕྲི་ཐབས་ལྔར”བརྟེན་ནས། སློབ་གསོ་དག་ཐེར་གྱི་ཞིབ་བཤེར་བཅོས་སྒྲིག་དང་ཡོ་བསྲང་བྱ་རྒྱུ་དེ་གཏིང་ཟབ་དང་། ཏན་ཏིག དོན་དངོས་བཅས་ཡོང་བར་སྐུལ་འདེད་བཏང་བ་རེད།

“ཏང་ཨུད(ཏང་ཙུའུ)ཡིས་སྣེ་ཁྲིད་པ་དང་ཀྲི་པུའུ་ཡིས་རང་འགུལ་བྱ་རྒྱུ་ཟུང་འབྲེལ”བྱས་ནས་རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་ཡོད། སྟོད་ལུང་བདེ་ཆན་ཆུས་སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འགན་འཁྲི་གཙོ་བོ་འཁུར་བ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ་བཅས་བྱས་ནས། ཁྱོན་ཡོངས་མཉམ་སྒུལ་དང་གོང་འོག་གཅིག་གྱུར་གྱི་རྣམ་པ་བཟང་པོ་བཏོད་ཡོད། སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས“སྣེ་ཁྲིད”ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་བརྒྱུད། རང་བཤེར་གྱི་དོན་གནད་དང་བསྡུར་ནས་རང་ཉིད་དེའི་ནང་འཇོག་པ་དང་། བསམ་བློ་དེའི་ནང་འཇོག་པ། འགལ་འཁྲི་དེའི་ནང་འཇོག་པ་བཅས་བྱས་ཏེ་ཞིབ་བསྡུར་སྐྱོན་བཤེར་དང་། རང་བཤེར་རང་བཅོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་གཏིང་ཟབ་བྱས་ནས་འགན་འཁྲི་བརྒྱུད་སྤྲོད་ཀྱི་གོ་བསྐོན་བློ་འགུགས་ཐུབ་ནུས་དང་། འགན་འཁྲིའི་ལྡོག་སྐུལ་གྱི་ཟིལ་ནུས། འགན་འཁྲི་ནན་གཏོང་གི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་བཏང་ཡོད། སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཀྲི་པུས་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་གཅིག་རྗེས་གཉིས་མཐུད་ངང་འཚོགས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིབ་བསྡུར་སྐྱོན་བཤེར་དང་བསམ་བློའི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རིམ་པ་དང་དོན་ཚན་རེ་རེ་བཞིན་དག་ཐེར་དོན་འཁྱོལ་གྱི་བྱ་ཐབས་བཏོན་ཡོད།

“གཅིག་སྡུད་སྒྲོག་འགྲེལ་དང་། སྣེ་ཁྲིད་སློབ་སྦྱོང་དང་དཔེ་ཀློག་ཟུང་དུ་འབྲེལ”ནས་སྲིད་ཇུས་གསལ་འགྲེལ་དང་བེད་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲིད་ཁྲིམས་ཚན་པ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“གསར་པ་གསུམ”གྱི་སློབ་སྦྱོང་ཆེ་མོ་དང་གྲོས་བསྡུར་ཆེ་མོ་གོ་སྐབས་སུ་བྱས་ཏེ། ལས་བྱེད་ཉེན་རྟོག་པས“རང་བཤེར་གུ་ཡངས་དང་གཞན་བཤེར་ནན་པོ་བྱེད་པ”དང“དག་ཐེར་བྱེད་དཀའ་བའི”འབྲེལ་ཡོད་སྲིད་ཇུས་གཅིག་སྡུད་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། ཞིབ་ཕྲའི་སྲིད་ཇུས་ཀྱི་སྤྱོད་འཐུས་རྩ་དོན་དང་། དུས་ཚོད། སྤྱོད་ཡུལ་སོགས་ཀྱི་ནང་དོན་ལ་ཞིབ་ཅིང་ཕྲ་བའི་ངང་གསལ་འགྲེལ་བྱས་ཡོད། ཁོའོ(སུའོ། རུ་ཁག ཐིང་། ཁང)ཡི་འགན་འཁུར་བས་རང་རང་ཚན་པའི་ལས་བྱེད་ཉེན་རྟོག་པས་སྲིད་ཇུས་གསལ་པོ་མ་ཤེས་སར་ཕྱོཌ་ཡོངས་ནས་དབྱེ་ཞིབ་བྱས་པ་མ་ཟད་དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་དང་སྣེ་ཁྲིད་སློབ་སྦྱོང་བྱས་ཡོད། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་བསམ་བློའི་མྱོང་བ་བྲིས་པ་མ་ཟད་གྲོས་བསྡུར་སྤེལ་རེས་ཀྱང་བྱས་ཡོད།

“ཉེན་གཏོང་སློབ་གསོ་དང་ཁྱིམ་དུ་འཚམས་འདྲིའི་ལྟ་སྐུལ་ཟུང་དུ་འབྲེལ”ནས་ཞིབ་བཤེར་བཅོས་སྒྲིག་དང་ཡོ་བསྲང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད། ལས་བྱེད་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་བརྒྱུད། དྲང་ལྡོག་གཉིས་ཀྱི་དཔེ་མཚོན་ཐོག་ནས་ཉེན་གཏོང་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་བརྟེན་ནས་ཚད་གཞིའི་དམར་ཐིག་མངོན་པར་བྱེད་པ། དྲང་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་ལས་ཞུགས་ཀྱི་ཐོག་མའི་བསམ་འདུན་ལ་ལྕག་སྐུལ་གཏོང་བ། ལྡོག་ཕྱོགས་ནས་ཉེན་བརྡ་བཏང་སྟེ་རང་བཤེར་དང་རང་བཅོས་ཀྱི་རང་རྟོགས་བསམ་པ་འཕེལ་བར་བྱེད་པ་བཅས་བྱས་པ་མ་ཟད། ཁྱོན་ཡོངས་ལ་ཁྱབ་པ་དང་། གཅིག་གཏད་གཅིག ངོ་ཐུག་གདོང་འཕྲད་བཅས་ཀྱི་བྱེད་སྟངས་སྤྱད་དེ་སྙིང་གཏམ་ཤོད་རེས་དང་ཁྱིམ་དུ་འཚམས་འདྲི་བྱས་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཁྱིམ་ཚང་གིས་སྤྱོད་གཙང་ཡོང་བར་ཁ་ཏ་བསླབ་བྱ་བྱེད་པའི་ཁྲོད་དམིགས་བསལ་གྱི་ནུས་པ་འདོན་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཏེ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཁྱིམ་མིས“ཉེ་འགྲམ་མིར”རང་གཅེས་དང་། རང་བརྟག རང་ཟོན། རང་འདོམས་བཅས་ལ་རྟག་ཏུ་སྐུལ་འདེད་གཏོང་རྒྱུར་དྲན་སྐུལ་བྱས་ནས་སྤྱོད་གཙང་གི་ཁྱིམ་སྲོལ་ལ་བརྟེན་ནས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི“ཆུ་ཚོད་བརྒྱད་ཕུད་པ”དེ་བྱིངས་ཀྱི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་དང་། ཏང་ཡོན་ལས་བྱེད་པས་རང་གཅུན་ནན་པོ་དང་སྤྱོད་གཙང་ཁྱིམ་སྐྱོང་ལ་སྐུལ་འདེད་གཏོང་བ། རུལ་རྒོལ་གཙང་སྤེལ་གྱི་ཁྱིམ་ཚང་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་བཅས་བྱས་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་ཡོད།

“རང་བཤེར་གཙོ་བོར་བྱེད་པ་དང་མང་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུ་ཟུང་དུ་འབྲེལ”ནས་ཞིབ་བཤེར་བཅོས་སྒྲིག་གི་ཁུངས་སྣེ་བསྡུ་རུབ་ཀྱི་ཐབས་ལམ་ཡངས་སུ་བཏང་ཡོད། སྲིད་ཁྲིམས་ཚན་པ་ཁག་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རེས་སྐོར་གཉིས་ཀྱི་རང་བཤེར་རང་བཅོས་གཅིག་སྡུད་ཐོག་བྱས་པས་རང་བཤེར་རང་བཅོས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། སྒྲོག་འགྲེལ་ཆེ་མོ་དང་། བཞུགས་མོལ་ཚོགས་འདུ། དྲ་ཐོག་དང་དྲ་ཕྱིའི་ཐེར་འདོན་སོགས་ཧུར་ཐག་སྤྱད་དེ་དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་ངང་ཡག་པོ་བྱས་ཡོད། སློབ་གསོ་དག་ཐེར་དང་ནག་སེལ་གཤེད་བཅོམ་གྱི་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། མིག་སྔར་སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་དག་ཐེར་གཞུང་ལས་ཁང་གིས་དག་ཐེར་བྱེད་དཀའ་བའི་ཆེད་དོན་བཅོས་སྒྲིག་གི་གསལ་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་མ་ཟད། ཞིབ་ཕྲའི་བཅོས་སྒྲིག་གི་གནས་ཚུལ་ལ་གཞིགས་ཏེ་རྗེས་སྙེག་ངང་ཕན་འབྲས་དྲིས་ཏེ་བཅོས་སྒྲིག་བྱ་རྒྱུ་དེ་རྣམ་པ་ཙམ་དུ་མ་ལུས་པའི་འགན་ལེན་བྱས་ཡོད།

“འཕྲི་ཐབས་ལྔ”ལ་བརྟེན་ནས་སྲིད་ཁྲིམས་ཀྱི་ཚན་པ་ཁག་གིས་དམངས་དོན་ལས་སྒྲུབ་དང་དོན་དངོས་བསྒྲུབ་རྒྱུར་རོགས་སྐྱོར་ཟམ་མི་ཆད་པར་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྤྱི་ཚོགས་ཀྱི་ཉེན་ཁའི་ཚོད་སྐོར་སྒྲུབ་གཉེར་གྱི་དུས་འཁོར་ཉུང་དུ་བཏང་ནས་ལས་སྒྲུབ་ཀྱི་ཕན་འབྲས་དང་ལས་ཕྱོད་ཆེ་རུ་བཏང་ཞིང་། མིག་སྔའི་བར་ཉེན་ཁའི་ཚོད་སྐོར་གྱི་སྙན་ཞུ་6ལ་གོ་རིམ་གྱི་སྒྲུབ་གཉེར་ཉུང་དུ་བཏང་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཀྱིས་ལག་ཁྱེར་གཉེར་བའི་དུས་བཀག་ཐུང་དུ་བཏང་བ་དང་སྤྱི་བདེ་ཡན་ལག་ཅུས་ཀྱིས“རྒྱུགས་ལེན་གསུམ”གྱི་སློབ་ཐོན་སློབ་མ་དང་རིགས་ཁག་གི་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་སློབ་མར་ལག་ཁྱེར་བཟོ་བའི“ཤར་སྐྱོད་འགྲོ་ལམ”བཤངས་ཏེ་དེ་སྔའི་ལས་ཀའི་ཉིན་མོ་10ནས་15བར་འགོར་བའི་ལས་སྒྲུབ་ཀྱི་དུས་འཁོར་དེ་ལས་ཀའི་ཉིན་མོ་3ནས་5བར་ཉུང་དུ་བཏང་ཞིང་། མིག་སྔའི་བར་སློབ་མ་600ལྷག་ལ་ལག་ཁྱེར་གཉེར་ཡོད་པ་མ་ཟད་སློབ་མར་ཐད་ཀར་ལག་འབྱོར་ཐུབ་པར་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་གི་ཕྱོགས་སྟོན་སྟེགས་བུ་བཙུགས་ནས་མང་ཚོགས་ཀྱིས་བྱ་བ་སྒྲུབ་པའི་འགྲོ་གྲོན་དང་། དུས་ཚོད། སེམས་ནུས་བཅས་གང་ཉུང་ཉུང་ཡོང་བ་བྱས་པ་དང་། ཞུ་གཏུག་གི་ཕྱོགས་སྟོན་སྟེགས་བུར་ཉིན་རེར་ལས་བྱེད་ཉེན་རྟོག་པ་རེས་ཞུ་གཏུག་གི་ཕྱོགས་སྟོན་པ་བྱས་ནས་མང་ཚོགས་ཀྱི་གཏུག་བཤེར་འགྲོ་ལུགས་དང་། གཏུག་བཤེར་གྱི་ཚད་གཞི། གཏུག་བཤེར་གྱི་དཔྱད་གཞི་བཅས་ལ་དུས་འགོའི་འགྲེལ་བཤད་དང་ཞིབ་བཤེར་བྱས་ནས་གཏུག་བཤེར་ཐད་ཤེས་དགོས་པའི་གལ་གནད་ཡི་གེ་དང་། དམངས་ལ་སྟབས་བདེ་ཡོང་བའི་འབྲེལ་གཏུག་གཱ་སྤྲད་དེ་མང་ཚོགས་ཀྱིས་དོན་དག་སྒྲུབ་བདེ་པོ་ཡོང་བ་བྱས་ཡོད། མིག་སྔའི་བར་གྱོད་དོན་ཐོ་འགོད་བྱེད་མཁན་མང་ཚོགས་2925ལ་གཏུག་བཤེར་གྱི་མཛུབ་ཁྲིད་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་རྩོད་པ་ཁ་ཆད་བྱས་ནས་གྱོད་དོན་ཡིག་ཆར་འདྲི་གཅོད་ཀྱི་གོ་རིམ་ཉུང་དུ་བཏང་ནས་ཁྲིམས་རྩོད་པར་ཁ་ཆད་བྱས་ཏེ་གྱོད་དོན་ཡིག་ཆར་ལྟ་ཆོག་རིགས་ལ་ཁྲིམས་རྩོད་པའི་ལག་ཁྱེར་དང་། མངགས་བཅོལ་ཡི་གེ ཁྲིམས་རྩོད་ཁང་གི་ཡི་གེ་བཅས་ལ་བདེན་མིན་ཞིབ་བཤེར་བྱས་རྗེས་གྱོད་དོན་ཡིག་ཆར་ལྟ་ཆོག་པས་དེ་སྔའི་ལས་རིམ་དེར་ཉིན་3གོང་ནས་ཁ་ཆད་དགོས་པ་ནས་ད་ལྟ་ཉིན་དེ་རང་ལ་གྱོད་དོན་ཡིག་ཆར་ཐད་ཀར་ལྟ་ཆོག་གི་ཡོད། མིག་སྔའི་བར་ཁྲིམས་རྩོད་པ་4ལ་གྱོད་དོན་ཡིག་ཆ་ལྟ་བའི་ཞབས་ཞུ་བསྒྲུབས་ཡོད། སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁུལ་གྱི་སློབ་གསོ་ཡོ་བསྲང་དང་བཀོད་སྒྲིག་བྱེད་མིའི་གོང་ཞུའི་ལས་རིམ་ཉུང་དུ་བཏང་ནས་ཉིན་དེ་རང་ལ་གོང་ཞུའི་འགྲོ་ལུགས་གཉེར་ཆོག་པར་བརྟེན་ཁྲིམས་འཛིན་སྲིད་འཛིན་མ་ལག་སུ་མི་ཆོས་ཀྱི་བརྩེ་བ་སྔར་བས་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།