ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་ཀྱི་ལག་ཤེས་འཐག་ལས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བུད་མེད་ཀྱི་ལག་ཤེས་འཐག་ལས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ་རེད། ད་རེས་ཀྱི་གསོ་སྦྱོང་བྱེད་ཡུན་ཟླ་2ཡིན་པ་དང་ཁ་རུབ་ཆུས་བདེ་སྐྱིད་སྡེ་ཁུལ་དང་དམངས་ཕན་སྡེ་ཁུལ་ནས་ཡིན་པའི་བུད་མེད་40ཞུགས་ཡོད་པ་རེད།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས། ད་ཐེངས་ཀྱི་གསོ་སྦྱོང་དམིགས་ཡུལ་ནི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ལས་ཞུགས་ཐུབ་མེད་པའི་བུད་མེད་དང་བུད་མེད་ངལ་རྩོལ་ནུས་ཤུགས་ལྷག་མར་ལས་སྟེགས་བསྐྲུན་ཏེ། སྡེ་ཁུལ་བུད་མེད་ཀྱི་ཁྱིམ་སྡོད་ལས་ཞུགས་དང་ལས་གཏོད་རྟེན་གཞི་འཛུགས་སྐྲུན་ལ་རྨང་གཞི་བཏིང་ནས་ཁོང་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད། གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་གཏོད་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་བྱ་ཐབས་སྣ་མང་གི་ཐོག་ནས་བུད་མེད་དེ་བས་མང་བའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་ལྕག་བྱ་རྒྱུ་རེད། ད་ཐེངས་གསོ་སྦྱོང་བྱས་པའི་དཀའ་ངལ་ཡོད་པའི་བུད་མེད་མང་ཚོགས་40ལ་དམིགས་ནས་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་རྗེས་སྙེགས་དང་རོགས་སྐྱོར་མུ་མཐུད་བྱེད་པ་དང་། སྲིད་ཇུས་ཐད་ནས་གཟིགས་སྐྱོང་བྱས་ཏེ་ཆབ་མདོའི་གྲོང་ཁྱེར་ཁ་རུབ་ཆུས་བདེ་སྐྱིད་སྡེ་ཁུལ་དང་དམངས་ཕན་སྡེ་ཁུལ་གྱི“ཆབ་མདོའི་གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་ཐོན་ལས་ཀྱི་བུད་མེད་ཀྱི་དཔེ་སྟོན་ལག་ཤེས་འཐག་ལས་རྟེན་གཞི”རིམ་བཞིན་འཛུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།