“2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་འགུལ”ལྷ་སར་སྤེལ།

W020211012328559236017.jpg

པར་འདི་ནི“2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་འགུལ”སྤེལ་མགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། “དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་གཞིར་བྱས་པའི“2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་འགུལ”སྤེལ་མགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་བསྡུས།

2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་འགུལ་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུའི་སྦྲེལ་དྲ་ཆ་འཕྲིན་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་ལས་ཁུངས14ཡིས་ཐུན་མོང་ཐོག་གཙོ་སྒྲུབ་བྱས་པ་ཞིག་རེད། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི་དང་། སྦྲེལ་དྲའི་ཁེ་ལས་ཀྱི་འཐུས་མི། སྨྱན་སྦྱོར་གྱི་གསར་འགོད་པ་བཅས་བསྡོམས་པས་མི200ལྷག་མགོ་ཚུགས་མཛད་སྒོར་ཞུགས་ཡོད།

W020211012328559236876.jpg

པར་འདི་ནི་ལས་དོན་མི་སྣས་གྲོང་མིར་རྒྱལ་ཁབ་ཀྱི་མགོ་སྐོར་བསླུ་བྲིད་འགོག་སྲུང་ལྟེ་གནས་ཀྱི་མཉེན་ཆས་ཀྱི་ནུས་པ་ངོ་སྤྲོད་བྱེད་བཞིན་པའི་ཚུལ་རེད།

དྲིལ་སྒྲོག་གཟའ་འཁོར་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དྲིལ་སྒྲོག་དང་ལག་བསྟར་ཤུགས་ཆེན་བྱས་ཏེ། ཁེ་ལས་དང་སྨྱན་སྦྱོར།སྤྱི་ཚོགས་རྩ་འཛུགས་བཅས་སྐུལ་སློང་བྱས་ནས་དྲིལ་སྒྲོག་ཁྱབ་གདལ་བྱ་འགུལ་སྤེལ་ཤིང་། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་། གཞི་གྲངས་ཆེན་མོའི་སྲུང་སྐྱོང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ལྟ་བ་གཏིང་ཟབ་ཏུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་དག་གཙང་དུ་བཏང་བ་རེད།

བྱ་འགུལ་སྤེལ་བའི་ཉིན་དེར། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གི་དཔྱད་ཡིག་དང་དྲིལ་སྒྲོག་ལག་དེབ་འགྲེམ་གཏོང་བྱས་ཏེ། ལས་དོན་མི་སྣས་གྲོང་མིར་དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཇི་ལྟར་སྐྱེད་སྲིང་བྱེད་པ་སོགས་ཀྱི་ནང་དོན་འགྲེལ་བཤད་ཧུར་ཐག་བརྒྱབ་པ་རེད།

W020211012328559232334.jpg

པར་འདི་ནི་དང་བླངས་པས་གྲོང་མིར་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་ལག་དེབ་འགྲེམ་གཏོང་བྱེད་པའི་རྣམ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་རིང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་མང་པོ་ཞིག་གིས་ད་དུང་དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་དང་། དྲ་རྒྱའི་བདེ་འཇགས་ཀྱི་སྤྱི་ཕན་བརྡ་ཆ་བཀྲམ་པ། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱའི་འགྲན་བསྡུར་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བ་བརྒྱུད་ནས་དྲ་རྒྱའི་བདེ་འཇགས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དང་རྒྱ་ཆེའི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་བཏང་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།