གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

deb4d65f-3d74-45d7-815b-3826a97db280.jpg

འདི་ནི་རྒྱལ་སྟོན་རིང་ཀྲུང་གོ་ཨན་ནེང་ཅུས་གསུམ་པའི་ཁྲུང་ཆིང་ཀུང་སིའི་ཨར་སྐྲུན་མི་སྣས་མཚོ་སྨད་རྫོང་གི་གྲི་གུའི་ཁ་ཐོར་རྣམ་པའི་རླུང་གློག་རྣམ་གྲངས་བརྟན་སྲུང་བྱས་ནས་ཨར་སྐྲུན་གྱི་འགག་རྩའི་དུས་སྐབས་ལ་དམ་འཛིན་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་པ།

5edd2d7f-587c-4461-b117-899b13684f40.jpg

འདི་ནི་བོད་སྡོད་དཔུང་སྡེ་ཞིག་གིས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་དགའ་སྤྲོའི་ངང་གཏོང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་གུང་གསེང་རིང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུ་དེ་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་སྟོན་དགའ་སྤྲོའི་ངང་གཏོང་བའི་ནང་དོན་མངོན་གསལ་དོད་པའི་ནང་དོན་ཞིག་ཏུ་གྱུར་ཡོད།

གསར་བརྗེའི་རྗེས་ཤུལ་དུ་གསར་བརྗེའི་དྲན་ཤེས་བཙལ་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ་དང་། ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་ཕུན་སུམ་ཚོགས་པའི་ཤེས་བྱ་ཤེས་རྟོགས་དང་བསམ་པའི་སྙིང་སྟོབས་ལ་ཞུན་བརྡར་སྤྲོས་པ། ལས་གནས་བརྟན་སྲུང་བྱས་ནས་དམངས་ལ་ཞབས་འདེགས་ཞུ་རིང་ལས་འགན་ལག་བསྟར་བྱེད་པ་སོགས་རེད།

སྔོན་བྱོན་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འབད་འབུངས་སྟོབས་བརྩོན་གྱིས་མདུན་སྐྱོད་བྱེད།

ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ངང་སྤེལ་ནས་ཉིང་ལག་རུ་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་མ་ཟད། བཀོད་འཐབ་པ་ཡོངས་ལ་ཏང་གཤིས་བློ་སྦྱོང་གི་ཞུན་བརྡར་དང་། བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་འཛུགས་པ། འགན་འཁྲི་དང་ལས་འགན་འཁུར་ཕོད་པ་བཅས་བྱེད་པར་སྔར་བས་ཁྲིད་སྟོན་བྱས་ཡོད།

སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤྱི་མཆོད་བྱེད་སྒོར་ཞུགས་པའི་བཀོད་འཐབ་པའི་འཐུས་མིས་རུ་སྟར་བསྒྲིགས་ཏེ་སྒམ་བརླིང་གཟབ་ནན་གྱི་སྒོ་ནས་དེ་གར་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སོས་པ་ཕུལ་བ་དང་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། བཀོད་འཐབ་པ་ཚོའི་འཐུས་མིས་གུས་བཀུར་ཚད་མེད་ཀྱི་བསམ་པ་བཅངས་ནས་ཐུན་མོང་ཐོག་སྔོན་བྱོན་པའི་མཛད་རྗེས་རླབས་ཆེན་ལ་རྗེས་དྲན་ཞུས་པ་དང་འབྲེལ། ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད།

ཉིང་ལག་རུ་ཁག་གིས“སྔོན་གཤེགས་དཔའ་བོའི་ཕུགས་འདུན་རྒྱུན་འཛིན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་གནས་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་མཉམ་སྤྱོད་ཚོགས་འདུ་ཧུར་ཐག་འཚོགས་ཤིང་། དེའི་རིང་ཚང་མས་སྔོན་གཤེགས་དཔའ་བོ་མིག་དཔེར་འཛིན་པ་དང་རང་ཉིད་ཀྱི་ལས་གནས་དང་ཟུང་འབྲེལ་གྱིས་མྱོང་ཚོར་བརྗོད་དེ་སྔོན་བྱོན་པ་ཚོའི་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་བརྩེ་སེམས། སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་དཔའ་བོའི་བློ་སྟོབས་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རླབས་ཆེན་མེས་རྒྱལ་དབུ་བརྙེས་ནས་ལོ་72འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

རིག་གནས་བྱེད་སྒོར་ཞུགས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ།

ཉེ་ཆར་མངའ་རིས་ས་ཁུལ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་རིས་དང་པར་རིས་འགྲེམས་སྟོན་བྱེད་སྒོ་དེ་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ་དང་དུས་མཚུངས། དྲ་རྒྱའི་པར་རིས་འགྲེམས་སྟོན་བྱེད་སྟངས་བརྒྱུད་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་ས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་ཟླ་10ཚེས་10ཉིན་བར་འགྲེམས་སྟོན་གཉེར་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་མ་བྱས་གོང་གཙོ་གཉེར་ཕྱོགས་ཀྱིས་མངའ་རིས་ས་ཁུལ་ནས་ཡིག་རིས་དང་པར་རིས་སྣ་ཚོགས་601འཚོལ་བསྡུ་བྱས་པ་དང་འབྲེལ། དམིཌ་བསལ་བྱ་དགའ་1དང་། བྱ་དགའ་རིམ་པ་དང་པོ་2 བྱ་དགའ་རིམ་པ་གཉིས་པ་3 བྱ་དགའ་རིམ་པ་གསུམ་པ་4བཅས་བདམས་པ་རེད། “མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་གཉེར་བ་ལས་ངའི་པར་ལེན་བརྩམས་ཆོས་མང་ཚོགས་སྒྱུ་རྩལ་ཁང་དང་དྲ་ཐོག་ཏུ་འགྲེམས་སྟོན་ཐུབ་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འགྲེམས་སྟོན་བྱས་པ་བརྒྱུད་མི་དེ་བས་མང་བས་མཐའ་མཚམས་ཤང་ཡིན་པའི་བཀྲ་ཤིས་སྒང་ཤང་གི་མང་ཚོགས་རྣམས་མཐའ་མཚམས་སུ་གཞིས་ཆགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པའི་སྐོར་གྱི་གཏམ་རྒྱུད་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་དམིགས་བསལ་བྱ་དགའ་ཐོབ་མཁན་བཀྲ་ཤིས་སྒང་ཤང་གི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་ཚེ་རིང་ཆོས་བཟང་གིས་བཤད།

ལས་གནས་བརྟན་སྲུང་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ།

རྒྱལ་སྟོན་རིང་མཐའ་མཚམས་ས་ཁུལ་དུ་སྐྱོད་མཁན་འགྲུལ་པ་ཇེ་མང་དུ་སོང་ཞིང་། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ཚན་རིག་དང་མཐུན་པའི་ངང་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་ལས་གནས་བརྟན་སྲུང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འགན་འཁྲི་དང་ལས་འགན་གྱི་དོན་སྙིང་གསལ་འགྲེལ་བྱས་ཡོད།

རྒྱལ་སྟོན་རིང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བའི་དོན་དངོས་ལ་དམིཌ་ནས་ཁྲིམས་འཛིན་བརྟག་དཔྱད་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་དུས་བདེ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་གཏོད་ཆེད། ཆེད་མངཌ་ཁ་རས་དམར་པོ་དང་རྒྱལ་དར་ཆུང་ཆུང་ཁག་གཅིག་ཉོས་ཏེ་ལག་ཁྱེར་གཉེར་མཁན་འགྲུལ་པ་མང་ཚོཌ་ལ་སྤྲད་པ་རེད།

ཧུའུ་ནན་ཁྲང་ཧྲ་ནས་ཡིན་པའི་ཡུལ་སྐོར་བ་སྐུ་ཞབས་ཝུན་ལགས་ཀྱིས“དེ་ནི་ངའི་མི་ཚེ་འདིར་གངས་ལྗོངས་ས་མཐོར་རྒྱལ་སྟོན་དགའ་གཏོང་བྱེད་ཐེངས་དང་པོ་དེ་ཡིན་པས་དོན་སྙིང་ཆེན་པོ་ལྡན་ལ་དྲན་གསོ་བྱེད་འོས་པ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་བོད་ཀྱི་གནས་སྤོས་མི་སེར་ཉེན་རྟོག་པས་སྲིད་ཇུས་སྒྲོག་འགྲེལ་དང་སེམས་རྩ་འཁོལ་པོས་སྤེལ་རེས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།