སྟོན་བསྡུའི་ལས་ལ་བྲེལ།

ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་དམིགས་ཏེ་འབྲུ་རིགས་ལ་ཐོན་འཕར་དང་། ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་། ཞིང་པར་འབབ་འཕར་ཡོང་བ་བཅས་ཀྱི་བརྗོད་དོན་གཙོ་བོ་མངོན་འགྱུར་དང་འགན་ལེན་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། “ཧི་མ་ལ་ཨང22པ”དང་། “བོད་ནས་ཨང2000པ” “ཧི་མ་ལ་ཨང23པ”སོགས་ནས་ཀྱི་སོན་བཟང་གསོ་སྤེལ་ཁྱབ་གདལ་བཏང་བར་བརྟེན་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་ནུས་ལྡན་བྱས་ཡོད། འདི་ལོ་གཞིས་རྩེའི་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་སྔོན་དཔག་བྱས་ན་ཏུན་ཁྲི44.6ཟིན་རྒྱུ་དང་། ནས་ཀྱི་ཐོན་འབབ་དུས་ཡུན་རིང་པོ་ཏུན་ཁྲི40ཡན་བརྟན་པོ་བྱུང་ཡོད། །

1.jpg

འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འབྲོང་རྩེ་ཤང་གི་མང་ཚོགས་སྟོན་བསྡུའི་ལས་ལ་བྲེལ་བཞིན་པ།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།