སྐྱེ་ཁམས་མཛེས་ཤིང་ཡུལ་སྐོར་དར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱིད་གྲོང་རྫོང་གིས་གཏིང་ཟབ་པའི་ལོ་རྒྱུས་མི་ཆོས་རིག་གནས་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས། ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་ལ་སྤེལ་བ་དང་། ཡུལ་སྐོར་ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་རེད། 2020ལོར་སྐྱིད་གྲོང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི3.1སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི5580ལ་སླེབས་པ་དང་། དེས་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི248འཕར་སྣོན་བྱུང་བ་རེད། །

3.jpg

པར་འདི་ནི་སྒེར་འཁོར་བཏང་ནས་སྐྱིད་གྲོང་དུ་ཡུལ་སྐོར་ལ་ཡོང་བའི་ཡུལ་སྐོར་བ་རེད།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།