2021ལོའི་སྟོད་ལུང་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཚུགས་པ།

W020210930318721121129.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། ཀྲུང་གུང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུ་ལྷན་དང་། སྟོད་ལུང་བདེ་ཆེན་ཆུས་མི་དམས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2021ལོའི་སྟོད་ལུང་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་ཆུ་བཟང་གྲོང་ཚོར་མགོ་ཚུགས་ཤིང་། བྱ་འགུལ་ཉིན་གསུམ་རིང་སྤེལ་རྒྱུ་རེད།

རྒྱུས་ལོན་ལྟར་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག“སྟོད་ལུང”བརྗོད་གཞི་དང་གཡུ་ཐོག་ཡོན་ཏན་མགོན་པོའིIPགཏོད་པ་གཙོ་ཐིག་ཏུ་བཟུང་ཤིང་། བོད་སྨན་རིག་གནས་དང་བོད་ཀྱི་ཟློས་གར་རིག་གནས། རྨོ་འདེབས་རིག་གནས། ཞང་ཞུང་རིག་གནས་བཅས་ལ་བརྟེན་ནས་སྤང་ཕུ་རོང་གི་སྐབས་ལྔ་བའི་ཆབ་ཞུགས་རིག་གནས་དུས་ཆེན་དང་། སྐབས་དྲུག་པའི་སྐྱོར་མོ་ལུང་ལུགས་ཀྱི་ལྷ་མོའི་ཟློས་གར་རིག་གནས་ཡུལ་སྐོར་དུས་ཆེན། སྐབས་ལྔ་བའི་རྒུ་རུམ་རྩམ་པའི་རིག་གནས་དུས་ཆེན། སྐབས་དྲུག་པའི་སྨན་མཆོག་རོང་གི་ལུས་གསོའི་ཉམས་ལེན་ཡུལ་སྐོར། སྐབས་བདུན་པའི་མཚུར་ཕུ་རོང་རི་ཁུལ་རྐང་འཁོར་ཉམས་ལེན་ཡུལ་སྐོར། 2021ལོའི་གླིང་ཁའི་རོལ་དབྱངས་དུས་ཆེན་བཅས་དམིགས་བསལ་ཁྱད་ཆོས་ལྡན་པའི་བྱ་འགུལ་དྲུག་སྤེལ་རྒྱུ་ཡིན་ལ། དེས་རྒྱུན་འཛིན་རང་བཞིན་དང་རིག་གནས་རང་བཞིན། གསར་གཏོད་རང་བཞིན་བཅས་གཞི་གཅིག་ཏུ་དྲིལ་བའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཕྲེང་སྟར་བྱ་འགུལ་ཧུར་ཐག་གཏོད་རྒྱུ་རེད། 

W020210930318721272042.jpg

སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར(རིག་དངོས)ཅུའུ་ཡི་ཅུའུ་ཀྲང་གིས2021ལོའི་སྟོད་ལུང་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན་དང་། ཡུལ་སྐོར་ཐོན་ཁུངས་ཟུང་འབྲེལ་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཟུགས་བརྙན་མངོན་པ་མ་ཟད། སྟོད་ལུང་བདེ་ཆེན་ཆུས་ཀྱི་རིག་གནས་དྲིལ་བསྒྲགས་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ལའང་སྐུལ་འདེད་བཏང་ཡོད་ལ། ལྷག་པར་དུ2021ལོའི་སྟོད་ལུང་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྟོད་ལུང་གི་ལོ་འཁོར་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་སུ་བསྐྲུན་ཡོད་ཅེས་བཤད། རྗེས་མར་ཁྱད་ལྡན་ཐོན་ལས་ལྡན་པའི་རིག་གནས་ཡུལ་སྐོར་དུས་ཆེན་བརྒྱུད་དེ་སྟོད་ལུང་གི་དམིགས་བསལ་སྤུས་རྟགས་བཏོད་ནས་གྲོང་གསེབ་དར་སྤེལ་ལ་སྔར་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།

2021ལོའི་སྟོད་ལུང་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་ལྗོངས་ཕྱི་ནང་དུ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུན་སུམ་ཚོགས་ལ་འོད་སྟོང་འབར་བའི་རིག་གནས་ནང་དོན་གྱི་གྲུབ་འབྲས་མངོན་པ་མ་ཟད། ད་དུང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་དང་ས་ཁོངས་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཏུ་སྟོད་ལུང་སྐྱེ་ཁམས་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པར་ཚོད་ལྟ་གསར་པ་དང་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།