བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལྗང་སྒྱུར་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ།

1310217264_16329009278681n.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་འགྲམ་རྒྱུད་ཀྱི་ཡུལ་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་པའི་ནང་བཞག་སྟེ། ལྗང་སྒྱུར་ལས་དོན་གཙོ་གནད་དུ་བཟུང་ནས་འདེབས་འཛུགས་ལག་རྩལ་གྱི་དཀའ་གནད་བསལ་ཏེ་སྡོང་འཛུགས་ནགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། མངའ་རིས་ས་ཁུལ་དུ“ལྗོན་ཤིང་གསོན་མི་ཐུབ་པ་དང་། མེ་ཏོག་འདེབས་མི་ཐུབ་པ”ལོ་རྒྱུས་སུ་གྱུར་ནས། “གྲོང་ཁྱེར་སྔོ་ལྗང་ཅན་དང་ཤང་རེར་མཛེས་ལྗོངས་ཡོད་པ། གྲོང་ཚོར་ནགས་ཁུལ་ཡོད་པ། དུད་ཚང་ལ་ལྗོན་ཤིང་ཡོད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

1310217264_16329009279311n.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི་རྣམས་ཀྱིས་ཁྲོམ་གཞུང་དུ་མེ་ཏོག་ལ་ལྟ་བཞིན་པའི་ཚུལ་རེད།

1310217264_16329009280071n.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་བགྲོད་ལམ་འགྲམ་དུ་སྔོ་ལྗང་གིས་ཁེབས་པའི་རྣམ་པ་རེད།

1310217264_16329009280731n.jpg

པར་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་འགྲམ་རྒྱུད་ཀྱི་ཡུལ་ལྗོངས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།