སེམས་ནུས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་ལེའུ་གསར་པ་བརྩམས།

—— ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྣེ་ཁྲིད་བྱས་པ།

ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམིགས་ཚད་ཁ་གསལ་དང་། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན། ཉམས་ཞན་ལྷུ་ཚིགས་ཚད་བརྒལ། ཉམས་སད་ཐེག་ཐུབ་པའི་ཏང་ཀྲི་པུའུ་ཞིག་ནུས་ཤུགས་ཡོད་རྒུས་སྐྲུན་ཏེ་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་ལ་ལེགས་སྐྱེས་འབུལ་བའི་ཏང་ཡོན་གྱི་དྲང་ནུས་རྒྱུན་ཆད་མེད་པར་འཕེལ་བ་བྱས་ཡོད། ད་ཆ་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ཏང་ཡོན་ལས་བྱེད་པ་དེ་བས་མང་བ་གྲོང་གསེབ་དར་རྒྱས་ཀྱི“གསར་བརྗེའི་སྣེ་ཁྲིད་པར”གྱུར་ཡོད།

བྱེད་ཐབས་གསར་པ། ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་ཐོན་པ།

2012ལོའི་གོང་དུ། གྲོང་ཚོའི་དུད་ཚང་36ཡི་ནང་་དུད་ཚང་དབུལ་པོ་བཅུ་ཙམ་ཡོད། སད་སྒོ་རྭ་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་སྔར་ནས་ད་བར་སྨན་རི་ཤང་གི་མཇུག་ཤོས་ཡིན།

ལོ་ཤས་གོང་གི་གནས་ཚུལ་དག་སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གི་མིག་ལམ་དུ་ལྷམ་མེར་གསལ། 2013ལོའི་ལོ་སྟོད་དུ་སད་སྒོ་རྭ་གྲོང་ཚོའི་ཏང་ཀྲི་པུས་ཆེད་དོན་ཚོགས་འདུ་འཚོགས་ནས་གནད་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཀྲི་པུའི་སྣེ་ཁྲིད་ནུས་པ་ཞན་པ་དང་། མང་ཚོགས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ཤུགས་ཆེ་བ། མཐུན་སྒྲིལ་མེད་པ་བཅས་ནི་གྲོང་ཚོ་འཕེལ་རྒྱས་དང་ཡར་ཐོན་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་ཤེས་རྟོགས་བྱུང་བ་དང་། གྲོང་ཚོའི་དུད་ཚང་རེར་ཏང་ཡོན་རེ་ཡོད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲི་པུས“ཀྲི་པུའུ+ཏང་ཡོན+ཁྱིམ་ཚང”གི་དོ་དམ་བྱེད་ཐབས་གཏན་འཁེལ་བྱས་པ་རེད། ཏང་ཀྲི་པུས“ཚོཌ་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དང་བྲག་ཡིབ་ཆུས་ཀྱིས་སྤེལ་བའི“ཏང་ཡོན་གྱི་གཏན་འཇགས་ཉིན་མོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལ་ཏང་གི་ཤེས་བྱའི་སློབ་གསོ་དང་། དམངས་ཕྱུག་སྲིད་ཇུས་སྒྲོག་འགྲེལ། སྤེལ་རེས་དང་ལྟ་སྐོར། གསོ་སྦྱོང་བཅས་བྱས་ནས་ཏང་ཡོན་ཡོངས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་པ་མ་ཟད། འབྱུང་འགྱུར་ལོ་གསུམ་གྱི་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཀྱང་གཏན་འཁེལ་བྱས་པ་རེད།

2015ལོར་གྲོང་ཚོའི་ཏང་ཀྲི་པུས་འཚམས་འདྲི་དང་བྱ་དགའ་སྤྲོད་པའི་ལམ་ལུགས་བཙུགས་ནས་གྲོང་ཚོའི་སློབ་མ་སློབ་ཆེན་དུ་རྒྱུགས་འཕྲོད་ཚེ། དངོས་གཞི་ཚན་ཁག་གཙོ་གནད་ལ་སྒོར་1000དང་། དངོས་གཞི་ཚན་ཁག་དཀྱུས་མར་སྒོར་800 ཆེད་ཚན་ལ་སྒོར་600བཅས་ཀྱི་ཚད་གཞི་གཞིར་བཟུང་བྱ་དགའ་སྤྲད་པས་གྲོང་ཚོའི་སློབ་ལོ་ལོན་པའི་ཕྲུ་གུ་སློབ་གྲྭར་བསྐྱོད་ཚད་100%ཟིན་གྱི་ཡོད།

སྟོབས་ཤུགས་གཅིག་སྒྲིལ། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པར་ཕན་འབྲས་ཐོན་པ།

སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་བསུ་བཞིན་ཡོད་པ་དང་། བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པ། རིག་གནས་མཚོན་པའི་སྦྱར་ཡིག་བཀྲག་མདངས་འཚེར་བ། གྲོང་ཚོའི་ལམ་གཡས་གཡོན་དུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ། གྲོང་ཚོ་རིམ་པའི་སྤྱི་གླིང་སྔོ་ཐིང་ངེར་གནས་པ་དང་། ངལ་གསོ་རྒྱག་སའི་བསིལ་ཁང་དང་ལུས་སྦྱོང་ཡོ་བྱད་སོགས་ཆ་ཚང་བས་གྲོང་གསེབ་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་གསར་པས་ཕྱུག་བཞིན་ཡོད།

དཀྲོགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས“དཀྲོགས་གྲོང་ཚོས་2012ལོ་ནས་བཟུང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་ཏེ་ཨར་འདམ་ལམ་བཏིང་བ་དང་། ལམ་སྒྲོན་བསྒར་བ། གྱང་ཉམས་གསོ་བཅས་བྱས་པ་མ་ཟད། ད་དུང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས། སྤྱི་གླིང་ཆུང་གྲས་ཁ་ཤས་བཅས་བསྐྲུན་ཡོད”ཅེས་བརྗོད་བྱུང་།

“དཀྲོགས་གྲོང་ཚོས་གྲོང་ཚོའི་ཏང་ཡོན་ལས་གྲུབ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་གཟའ་འཁོར་རེར་གཙང་སྦྲའི་བྱེད་སྒོ་ཆེན་པོ་ཐེངས་རེ་སྤེལ་ཏེ་གྲོང་ཚོ་རིམ་པའི་འགྲོ་ལམ་དང་སྤྱི་གླིང་གི་གད་སྙིགས་ཚང་མ་ཕྱག་པ་དང་མཉམ་སྡེབ་བྱེད་སྒོ་སྤེལ་བས། ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པའི་ཁར་ཚང་མས་རང་རྟོགས་ངང་ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྤྲས་བྱས་སྟབས་གྲོང་ཚོའི་རྣམ་པ་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཡོད”ཅེས་དཀྲོགས་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་བ་ཚེ་རིང་ལྷ་མོས་གཙང་སྦྲ་བྱེད་ཞོར་དེ་ལྟར་བཤད།

ཐོན་ལས་དར་རྒྱས། ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། བྲག་ཡིབ་ཆུས་བུ་ཆུ་ཤང་སྨད་པ་གྲོང་ཚོའི་ཏང་ཀྲི་པུས་ཚོད་ལྟའི་ལག་བསྟར་སོགས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལོ་གཉིས་ནང་ས་ཞིང་མ་རྐང་དུ་འཇོག་པའི་བྱེད་ཐབས་སྤྱད་དེ་ཀུང་སི་དང་མཉམ་ལས་བྱས་ནས་བསྐྲུན་པའི་པུ་ཀོང་ལན་མའེ་སྨད་པ་གྲོང་ཚོའི་རྟེན་གཞི་ནི་དཔེ་མཚོན་ཡག་པོ་ཞིག་རེད།

པུ་ཀོང་ལན་མའེ་སྨད་པ་གྲོང་ཚོའི་རྟེན་གཞི་ནི་2020ལོར་སྐྲུན་འགོ་ཚུགས་པ་དང་སྤྱིའི་རྒྱ་ཁྱོན་ལ་མུའུ་70ཡོད། མཉམ་ལས་ཁེ་ལས་ལ་འདེབས་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་མིག་སྔར་ལན་མའེ་སྐྱེ་ཚུལ་བཟང་པོ་ཡོད། ལན་མའེ་འདེབས་འཛུགས་རྟེན་གཞིའི་ཐོན་ལས་རྣམ་གྲངས་བསྐྲུན་པ་དེས་སྨད་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲོང་ཚོའི་ངལ་ནུས་ལྷག་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིཌ་ན། 2020ལོར་སྨད་པ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་877ལྷག་ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24176ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།