ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་བོད་ལྗོངས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁེ་ལས་ཀྱི་རོགས་སྐྱོར་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུན་གཏན་ལས་ལྷག་པའི་བྱེད་ཐབས་དེ་གྲོང་གསེབ་དར་རྒྱས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་རོགས་སྐྱོར་ལས་དོན་གྱི་གཙོ་གནད་དེ“དྲ་རྒྱའི་དབུལ་སྐྱོར་སྣེ་ཁྲིད”ནས“ཆ་འཕྲིན་ཅན་ལས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་བསྣན་པར”བསྒྱུར་རྒྱུ་དང་། རང་ལྗོངས་ཀྱི་གྲོང་གསེབ་ས་ཁུལ་གྱི་དྲ་རྒྱ་ཁྱབ་ཚད་མུ་མཐུད་སྲ་བརྟན་དང་མཐོ་རུ་གཏོང་བ། ཆ་འཕྲིན་ཅན་གྱི་རོགས་སྐྱོར་དང་། རམ་འདེགས། རྒྱ་སྐྱེད་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་འདོན་སྤེལ་བྱེད་པ། བོད་ལྗོངས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ནང་རྒྱ་ཁྱབ་ཏུ་ཞུགས་པ། རིག་ལྡན་ཞིང་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དུ་5Gདང་། ཟོག་སྦྲེལ་དྲ་བ། གྲངས་གཞི་ཆེན་པོ་སོགས་ལག་རྩལ་གསར་པ་གསར་གཏོད་ངང་སྤྱོད་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་དེ“སྤྱོད་ཐུབ་པ་དང་སྤྱོད་ཤེས་པ”བར་འགྱུར་བ་བྱས་ནས། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་བཏང་བ་རེད།

ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་བོད་ལྗོངས་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གཞོལ་ནས“ཆ་འཕྲིན་ཅན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བར་རམ་འདེགས་བྱེད་པའི”རོགས་སྐྱོར་བསམ་ཕྱོགས་གཞིར་བཟུང་། གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་ལས་སྒོ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། གྲངས་འཛིན་གྲོང་གསེབ་ཀྱི་ལས་སྟེགས་ནུས་པ་འཛུགས་སྐྱོང་དང་། གྲོང་གསེབ་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་ཞིང་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཆ་འཕྲིན་ཞིང་ཕན་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་ཀའི་ནང་དོན་ལ་དམིགས་ཏེ། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་བཟོས་པ་དང་བོད་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲངས་འཛིན་གྲོང་གསེབ་ཀྱི་དཔེ་སྟོན་དང་ཚོད་ལྟའི་ཆུས་དང་རྫོང་7དང་། གྲངས་འཛིན་གྲོང་གསེབ་ཀྱི་དཔེ་སྟོན་ཤང་དང་གྲོང་རྡལ་100 གྲངས་འཛིན་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོ་677བཅས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།