དུས་རབས་གསར་པའི་རེ་སྒུག་གསར་པ་དང་དུ་བླངས། བྱེད་ཐབས་གསར་པས་བྱས་རྗེས་གསར་པ་འཇོག་པར་སྐུལ།

—— ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་ལས་དོན་བསྒྲུབས་པའི་སྐོར་གྱི་ཟུར་བྲིས།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་མི་དམངས་ཁྲིམས་རའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་ཁྲིམས་ར་འཛུགས་སྐྱོང་དང་འཁོར་རྒྱུག་བྱ་རྒྱུ་དེ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འགག་རྩའི་ལས་འགན་ལ་བརྩི་བ། རྨང་བརྟན་སྟོན་ཕྱོགས་མཐའ་འཁྱོངས་དང་། བརྟག་དཔྱད་མཛུབ་ཁྲིད་ཟབ་གཏོང་། བཀོད་སྒྲིག་མ་ལག་ལེགས་གཏོང་བཅས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱེད་པ། མི་དམངས་ཁྲིམས་རས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་མི་དམངས་ཁྲིམས་ར་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

ཐོན་ཁུངས་བསྡུ་སྒྲིལ་དང་བཀོད་པ་ལེགས་སུ་བཏང་ནས་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་བྱས་པ།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་རའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆབ་སྲིད་ལ་སྣང་ཆེན་དང་བཅའ་ཁྲིམས་ལ་སྣང་ཆེན་བྱ་རྒྱུ་གཉིས་གཅིག་གྱུར་དམ་ཟབ། “ཕྱོགས་གསུམ་ལ་ཕྱོགས་པ”དང“སྟབས་བདེ་གསུམ་གྱི་རྩ་དོན”མཐའ་འཁྱོངས་བཅས་བྱས་ཏེ། མི་དམངས་ཁྲིམས་ར་དོན་དངོས་ཅན་གྱི་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཁོངས་གཏོགས་ཁུལ་གྱི་མི་དམངས་ཁྲིམས་ར་20བསྡུ་སྒྲིལ་བྱས་པ། མི་དམངས་ཁྲིམས་ར་13ནུས་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་ཞུགས་པ། ཁྲིམས་འཛིན་གནད་སྨིན་གྱི་ནུས་ཤུགས་འདོན་པའི་འབྲེལ་མཚམས་དང་འཇུག་གཞི་གནད་འཁེལ་བཙལ་ཡོད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་རས་རིགས་ཁག་གི་གྱོད་གཞི་1417བདག་སྤྲོད་བྱས་ཡོད། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་དང་། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྩོད་གཞི། མི་ལུས་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་འཇལ་བའི་རྩོད་གཞི་སོགས་གཞི་རིམ་ལ་ཐོན་མང་བ་དང་ཐོན་སླ་བའི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་དང་ཁྲིམས་འཛིན་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། མི་དམངས་ཁྲིམས་རའི་དོ་དམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ཡོད། ཁྲིམས་དཔོན་དང་མཉམ་གྲོས་ཁྲིམས་རས་དེ་བས་ལེགས་པའི་སྒོ་ནས་འདྲི་གཅོད་བྱེད་དབང་སྤྱོད་ཆེད། གཞི་རིམ་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་དབང་ཆ་གཅིག་གྱུར་ཐོག་སྤྱོད་རྒྱུ་དང་འབྲེལ་གྱོད་གཞི་སྒྲུབ་མཁན་གྱིས་གྱོད་གཞིར་འགན་འཁུར་རྒྱུ་རེད། དེ་དང་ཆབས་ཅིག་མི་དམངས་ཁྲིམས་ར་དང་གཞི་རིམ་མི་དམངས་ཁྲིམས་ཁང་གི་ལས་སྒོ་དིང་གི་འདྲི་གཅོད་རིམ་པའི་ཐོག་གི་འདྲ་མཉམ་རང་བཞིན་ཁ་གསལ་ཡོང་ཆེད། གོང་གཏུག་གམ་ཡང་ན་བསྐྱར་གཅོད་ཞུ་གཏུག་གི་རྣམ་པའི་ཐོག་ནས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།

སྒུལ་ཤུགས་འཕེལ་བ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་སྣེ་མང་འདུམ་འགྲིག་གི་མ་ལག་བཙུགས་པ།

ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་གཞི་རིམ་ཏང་རྩ་འཛུགས་དང་། སྲིད་ཁྲིམས་ཚན་པ། མང་ཚོགས་རང་སྐྱོང་རྩ་འཛུགས། ལས་རིགས་འདུམ་འགྲིག་རྩ་འཛུགས་སོགས་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཁྲིམས་ཁང་དང་། ཁྲིམས་འཛིན། ཕྱོགས་བསྡུས་བཅོས་སྐྱོང་སོགས་དབར་གྱི་འགལ་ཟླ་དང་རྩོད་གཞི་སེལ་བའི་ལས་ཀའི་བྱེད་སྟངས་ཤིག་བཏོད་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཆེ་མོ་དང་མཉམ་འདྲེས་ཧུར་ཐག་བྱས་ཡོད།

“གནས་རྒྱུད་ཁྱོན”གསུམ་མཉམ་འབྲེལ་ལ་སྣང་ཆེན་བྱས་ཏེ། སྐོར་སྐྱོད་འདྲི་གཅོད་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད། མི་དམངས་ཁྲིམས་ར་གནས་སར་བྱེད་པ་དང་། སྐོར་སྐྱོད་ཁྲིམས་ར་རྒྱུད་ལ་བྱེད་པ། གཞི་རིམ་མི་དམངས་ཁྲིམས་ཁང་ཁྱོན་ལ་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་མི་དམངས་ཁྲིམས་ཁང་ཁག་གིས་སྐོར་སྐྱོད་ཁྲིམས་རས་སྐོར་སྐྱོད་འདྲི་གཅོད་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་དཔེ་མཚོན་ཅན་གྱི་འཚོ་སྐྱོང་དང་གཉེན་སྒྲིག་སོགས་ཀྱི་ཁྱིམ་ཚང་གི་རྩོད་གཞི་བདམས་ནས་རང་འགུལ་ངང་གྱོད་གཞི་ཐོན་ཡུལ་དུ་སྐོར་སྐྱོད་འདྲི་ཞིབ་བྱས་པ་དང་གྲོང་ཚོ“ཨུ་ལྷན་གཉིས”དང་། མི་དམངས་འདུམ་འགྲིག་པ། གྲོང་མི་སོགས་ཟུར་ཉན་བྱེད་པར་གདན་དྲངས་པ། ཁྲིམས་འཛིན་གྱོད་སྒྲུབ་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་པ། སྐོར་སྐྱོད་འདྲི་གཅོད་ཀྱི“གྱོད་གཞི་གཅིག་བདག་སྤྲོད་བྱས་ནས་ཡུག་གཅིག་ལ་སློབ་གསོ་ཐེབས་པའི”ནུས་པ་ཆེ་རུ་བཏང་བ། གསོན་ཉམས་དོད་པའི་གྱོད་དཔེར་བརྟེན་ནས་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་བ་བཅས་བྱས་པ་རེད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཁྱོན་སྐོར་སྐྱོད་འདྲི་གཅོད་ཐེངས་107དང་དྲིལ་བསྒྲགས་བློ་འདྲི་ཐེངས་220བྱས་ཡོད།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ལམ་སྲོལ་གསར་གཏོད་བྱས་ཏེ་བྱང་ཚད་མཐོ་ཞིང་ཉམས་སད་ཐེག་པའི་དཔུང་ཁག་ཅིག་བཏོད་པ།

ཁྲིམས་རའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྣེ་ཁྲིད་དང་། སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཆབ་སྲིད་ཀྱི་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཏེ་རྩོད་གཞི་བལྟོས་བཅས་གཅིག་སྡུད་ཡིན་པའི་གྲོང་ཁུལ་གྱི་ཁྲིམས་རའི་ཏང་ཀྲི་པུས་ཏང་གི་བཞེད་དོན་དྲིལ་བསྒྲགས་དང་། ཏང་གི་མཛད་ཕྱོགས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད། མང་ཚོགས་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་སྔོན་ལ་བསྐྲུན་པ་དང་། སླར་ཡང་ཉམས་མྱོང་བསགས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་གི་མི་དམངས་ཁྲིམས་རའི་ཏང་ཀྲི་པུའུ་གཞན་དག་འཛུགས་སྐྱོང་ལ་ཁྱབ་པ་བྱས་ཡོད།

ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་དང་། “དེ་བས་གསུམ”གྱི་ཆེད་དོན་སློབ་གསོ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་འཆད་ཁྲིད་སྣ་ཚོགས་དང་གསོ་སྦྱོང་ཐེངས་132གཉེར་བ་དང་དེའི་ནང་ཞུགས་པ། མི་ཐེངས་1288ལ་གསོ་སྦྱོང་བྱས་པ། ཁྲིམས་འཛིན་ལས་བྱེད་ཉེན་རྟོག་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་པ། ཁྲིམས་རའི་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་ནུས་པ་དང་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། ཁྲིམས་འཛིན་སྤྱོད་ཚུལ་ལེགས་སུ་བཏང་ནས་ཉམས་སད་ཐེག་ཐུབ་པའི་ཁྲིམས་རའི་དཔུང་ཁག་བཏོད་པ་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།