ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཐབས་མཆོག”གསུམ་ལ་བརྟེན་ནས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཤར་ཚུན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ་དང་། ལེགས་ཆར་བརྟེན་ནས་སྐུལ་འདེད་གཏོང་བ། གཞན་གྱི་སྔོན་དུ་སྐྱོད་མཁན་བྲག་ཡིབ་པ་བྱེད་པ”བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དམ་འཛིན་བྱེད་ས་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཚད་བརྒལ་སར་བྱས་ཏེ། སྲང་ལམ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། ཚན་པའི་ཏང་འཛུགས་སྐྱོང་། ལས་རིགས་ཀྱི་ཏང་འཛུགས་སྐྱོང་བཅས་ཕན་ཚུན་འབྲེལ་མཐུད་དང་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

“འདུ་ཤེས་གཅིག”ཟབ་ཏུ་བཏང་ནས“འགོ་འཛུགས་ས་མཐོ་པོས”གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་བྱེད་སྟངས་ཇུས་འགོད་བྱས་པ། བྲག་ཡིབ་ཆུས་ཀྱིས་གྲོང་ཁྱེར་གྱི་གཞི་རིམ་ཏང་སྐྱོང་ལས་དོན་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཁར། གྲོང་ཁྱེར་གྱི་ལས་དོན་ཞབས་ཞུ་དང་བཅོས་སྒྲིག་གི་འདུ་ཤེས་བརྟན་པོ་བཙུགས་ཏེ《གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་། 《“གསར་གཉིས”རྩ་འཛུགས་ཁྲོད་ཏང་གི་རྩ་འཛུགས་དང་ལས་དོན་དེ“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་ནང་ཁྱབ་པར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》《གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོཌ་ལམ་ལུགས》བཅས་བཟོས་ནས་བཏོན་ཡོད།

“གནད་འགག་གཉིས”ལ་དམ་པོར་དམིཌ་ནས“ཚུཌ་གནས་མཐོ་པོས”གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ། ཏང་རྩ་འཛུགས་ཁྱབ་ཚད་དང་ཏང་རྩ་འཛུགས་མཉམ་འགུལ་གྱི་གནད་འགག་གཉིས་ལ་དམ་པོར་དམིགས་ཏེ། སྤྱི་དབང་མིན་པའི་ཏང་ཀྲི་པུའུ་21དང་དྲ་མིག་ཏང་ཀྲི་པུའུ་17འཛུགས་པ་དང་། མཉམ་སྐྲུན་གྲོས་མཐུན་52འཇོག་པ། ཏང་ཡོན་ཚོང་དུད་221ལ་མཐིལ་རྟོགས་བྱས་པ། “ཏང་ཡོན་ཚོང་དུད”ཀྱི་ཐོབ་ཐང་མཚོན་བྱང་221བཟོས་ནས་སྤྲད་དེ་དོན་ཆེན་མཉམ་དུ་གྲོས་བསྡུར་དང་། བྱ་བ་དངོས་མཉམ་སྒྲུབ། དོན་དག་གལ་ཆེན་མཉམ་དུ་ཐག་གཅོད། འཕྲལ་མཁོ་ཆེ་བའི་དོན་དག་མཉམ་དུ་གྲོས་བསྡུར། དཀའ་གནད་མཉམ་དུ་བསལ་བ་བཅས་བྱེད་ཐུབ་པ་བྱས་ནས་ཕན་ཚུན་མཐུན་སྦྱོར་དང་། ས་ཁོངས་སྤྱི་འདོམས། གོང་འོག་འབྲེལ་མཐུད་བཅས་ཀྱི་མཉམ་འགུལ་མ་ལག་ཅིག་བཏོད་ཡོད།

“གསལ་ཐོ་གཉིས”གསེད་བཀྲོལ་བྱས་ནས“སྤུས་ཚད་མཐོ་པོས”ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་པ། “གྲོང་མིས་མངགས་ཐོ་འགོད་པ+སྲང་ལམ་སྡེ་ཁུལ་གྱིས་མངགས་ཐོ་སྤྲོད་པ+མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ཚན་པས་མངགས་ཐོ་དང་ལེན་བྱེད་པ”བཅས་ཀྱི་ལས་དོན་སྤེལ་སྟངས་ཁྱབ་གདལ་བཏང་བ་དང་། སྲང་ལམ་སྡེ་ཁུལ་གྱིས་དུས་བཀག་ལྟར“སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གྱི་རྩ་གཉིས་ཨང་རྟགས”དང་དུས་ངེས་མེད་ཐོག་འདྲི་རྟོགས་བྱེད་པར་སྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་མི་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས་དགོས་མཁོའི་གསལ་ཐོ་བཀོད་པ། མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ཚན་པས་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་ཐོན་ཁུངས་ཞབས་ཞུའི་གསལ་ཐོ་ཆགས་པ་བྱས་པ། མཉམ་འབྲེལ་ཚན་པས་རང་འགུལ་ངང་རྩིས་ལེན་བྱེད་པ་དང་སྲང་ལམ་སྡེ་ཁུལ་གྱིས་གཏོང་སྤྲོད་བྱེད་པ་གཉིས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། གྲོང་མི་དང་མང་ཚོགས་ལ་མཁོ་སྤྲོད་གཅིག་གྱུར་གྱི་མངགས་ཐོ་རྣམ་པའི་ཞབས་ཞུ་མཁོ་འདོན་བྱས་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།