ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་བཅོས་ཡོ་བྱད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་གནས་ཚུལ་བརྡ་ཁྱབ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་སྨན་བཅོས་སྒྲིག་གཞི་13དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཁེ་ལས་53སྒྲིག་འཛུགས་བྱས་ནས་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་གྱི་བརྡ་ཁྱབ་ཚོགས་འདུ་འཚོཌ་པ་རེད།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་དུས་མཚམས་གོང་མར་སྤེལ་བའི་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མིག་སྔར་སྨན་བཅོས་སྒྲིག་གཞི་དང་གཉེར་སྐྱོང་ཁེ་ལས་ཀྱིས་སྨན་བཅོས་ཡོ་བྱད་བེད་སྤྱོད་དང་གཉེར་སྐྱོང་བྱེད་པའི་ལྷུ་ཚིགས་ཁྲོད་ལྷག་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མར་ཇི་ལྟར་བྱས་ནས་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་དོ་དམ་ལ་ཤུཌ་སྣོན་བརྒྱབ་སྟེ་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་དང་། སྐྱེལ་འདྲེན། གསོག་ཉར། བེད་སྤྱོད། ཕྱིར་ཚོང་སོགས་ཚད་ལྡན་དུ་གཏོང་བར་བཀོད་སྒྲིག་དང་ནན་བཤད་བྱས་པ་རེད།

སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཡོ་བྱད་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་ལ་ནུས་པ་ཐོན་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་སུ་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཁེ་ལས་ལ་དུས་ཡུན་ལོ་ཕྱེད་རིང་གི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྣམ་པ་བཟང་པོ་ཡོད་མོད། འོན་ཀྱང་གཉེར་སྐྱོང་ཁེ་ལས་དང་བེད་སྤྱོད་ཚན་པས་ད་དུང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇཌ་ཀྱི་འགན་འཁྲིའི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་གི་ནུས་པར་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།