གཙང་གསུམ་ཆུ་འགོར་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་བྱེད་དགོས།

cf1c798b-ec8b-4535-a865-905adc55d347.jpg

གྱ་གྱུའི་འགྲོས་དང་བཅས་ཏེ་བཞུར་བའི་ཆུ་རྒྱུན་གྱིས་རྩྭ་ཐང་ཡངས་མོ་ཡོངས་སུ་བརྒྱན་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་གྲུབ་ཡོད།

040a6e84-66b9-4a63-98ef-477056dd3435.jpg

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྐྱེ་ཁམས་ཡིག་ཚགས་པ་སྒྲོལ་མ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་མཚོ་ཁྲི་གྲོང་ཚོར་སྲོག་ཆགས་དང་རྩི་ཤིང་གི་རྨང་གཞིའི་དཔྱད་གཞི་ཟིན་ཐོར་འགོད་བཞིན་པ།

fcfb3134-5a3e-46d1-bddb-ab73965e1291.jpg

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡག་གྲོང་ཁྱེར་དུ་ཁུ་ནུ་རི་བོའི་གངས་བཞུར་ནས་བྱེ་ཐང་དུ་རྒྱུག་བཞིན་པ།

e0a92f12-80e8-42d0-a85a-8736885a434b.jpg

འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཆུ་དམར་ལེབ་རྫོང་གི་རྟ་པའི་རུ་ཁག་གིས་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་སྐོར་གཡེང་བྱེད་བཞིན་པ།

4022f4fb-8539-4882-8b64-10f835b20625.jpg

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་སད་བབས་རྗེས་ཀྱི་སྟོང་གེ་མཚོ་ནག་གི་རྣམ་པ་ཡིན་པ།

b20626b7-0da3-4355-9e1d-2473a99a5b28.jpg

འབྲི་ཆུའི་ཆུ་ཁུངས་གཙོ་བོ་གདང་ཆུ་དང་ནུབ་ཀྱི་ཆུ་ཁུངས་ཐོག་ཐོན་གཙང་པོ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་སུ་གཅིག་ཏུ་འདྲེས་ནས་ཤར་དུ་རྒྱུགས་པས་འབྲི་ཆུ་ཞེས་སུ་འབོད་ཅིང་། འདི་ནི་ལང་ལོང་དུ་རྒྱུག་བཞིན་པའི་འབྲི་ཆུ་ཡིན་པ།

གཙང་གསུམ་ཆུ་འགོ་ནི་མཚོ་བོད་ས་མཐོའི་ལྟེ་བར་གནས་ཤིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་མཚན་སྙན་གྲགས། འདི་གར་གངས་རི་བརྗིད་ཆགས་ཤིང་། ཆུ་མོ་དྭངས་ལ་ནམ་མཁའ་གཡའ་དག་པ་དང་མཁའ་རླུང་གཙང་བས། གདོད་མའི་མཐོ་གྲང་སྐྱེ་ཁམས་ཡངས་པོ་ཞིག་ཆགས་ཡོད་ལ་རྒྱུན་སྲིང་ཐུབ་ཡོད། འདི་ག་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཐོན་ས་གལ་ཆེན་ཞིག་ཡིན་པས། ལོ་ལྟར་ཆུའི་སྨད་རྒྱུད་དུ་སྨི་རྒྱ་དཔངས་དུང་ཕྱུར་600ལྷག་ཙམ་གྱི་ཆུ་གཙང་མ་མཁོ་འདོན་བྱེད་ཀྱི་ཡོད། འབྲི་ཆུའི་ཆུའི་སྤྱི་འབོར་གྱི་25%དང་། རྨ་ཆུའི་ཆུའི་སྤྱི་འབོར་གྱི་49% རྫ་ཆུའི་ཆུའི་སྤྱི་འབོར་གྱི་15%བཅས་ནི་གཙང་གསུམ་ཆུ་འགོ་ནས་བྱུང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱ་རྒྱུ་དེ་ཉིད་མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་ཆུ་འགོར་སྲུང་སྐྱོང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་ཆེན་པོ་འཁུར་དགོས་པའི་ནན་བཤད་གནང་ཡོད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་དང“དྭངས་གཙང་ཆུ་མོ་ཤང་ཤང་རྒྱུག་པ”བཅས་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ཚུན། ཆུ་རྩྭ་གསོ་ཚད་ལོ་ལྟར་ཆ་སྙོམས་6%ཡན་འཕར་བ་དང་། ན་ཁ་ཁེབས་ཚད་དང་རྩྭ་སྐྱེ་ཚད་ལོ་10ཡི་གོང་ལས་11%དང་30%ཡན་འཕར་ཡོད།

གཙང་གསུམ་ཆུ་འགོར་འབྲོག་པ་ཁྲི་1.72ཀྱིས་ལག་ཁྱེར་འཁྱེར་ནས་ལས་ཀར་ཞུགས་ཏེ་སྐྱེ་ཁམས་བདག་སྐྱོང་པར་གྱུར་ནས་གྲོང་ཚོ་རིམ་པའི་སྡེ་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་བྱེད་པོ་དང་སོ་ལྟའི་ནུས་པ་བཏོན་པ་དང་འབྲོག་པ་རྣམས་སྐྱེ་ཁམས་བེད་སྤྱོད་གཏོང་མཁན་ནས་སྲུང་སྐྱོང་བྱེད་མཁན་ལ་གྱུར་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ཟུང་འབྲེལ་བྱས་ཏེ་བྱ་ཐབས་སྣ་མང་སྤྱད་ནས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་བཏང་བས་སྐྱེ་ཁམས་དང་། འཚོ་བ། ཐོན་སྐྱེད་བཅས་ཚང་མར་ཕན་ཐོགས་ཡོད་པའི་རྣམ་པ་བཟང་པོ་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།