བོད་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ།

0d6c3e76-515b-408a-b661-b1fa660cac05.jpg

ཟླ་9ཚེས་27ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཇུག་འགྲིལ་མཛད་སྒོ་ཤིས་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་འཚོགས་ཤིང་། འདི་ནི་དར་ཆ་བ་ཚོས་མཇུག་འགྲིལ་མཛད་སྒོའི་ཐོག་ལུས་རྩལ་འཐུས་མི་ཚོགས་པ་ཁག་གི་དར་ཆ་གཡུག་གཡུག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས27ཉིན་གྱི་དགོང་མོ། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། འགྲན་རྩོད་དྲག་པོའི་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་འཐུས་མི་ཚོགས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་མི་ཞུམ་པར་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་ལུས་རྩལ་གྱི་སྙིང་སྟོབས་ལ་བརྟེན་ནས་འགྲན་བསྡུར་ཁག་ལ་ཞུགས་ཏེ། རྩལ་འགྲན་རིགས་ཀྱི་རྣམ་གྲངས་ཁག་ལ་གསེར་གྱི་རྟགས་མ་3དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་2བཅས་བླངས་པ་དང་། མང་ཚོགས་རིགས་ཀྱི་འགྲེམས་འཁྲབ་རྣམ་གྲངས་ལ་བྱ་དགའ་རིམ་པ་གསུམ་པ་2བླངས་ཤིང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ་མ་ཟད། བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས“རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ”ཐོབ་སྟེ། རྩལ་འགྲན་གྲུབ་འབྲས་དང་ལུས་རྩལ་ཀུན་སྤྱོད་དར་སྲོལ་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།