སེང་གེ་ཁ་འབབ་འགྲམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད།

1310214901_16328159097021n.jpg

ཨ་པུའུ་ཏུའུ་ཅེ་ལི་ལི·མའེ་ཐི་རུའུ་ཀང་ནི2010ལོར་ཞིན་ཅང་ཧོ་ཐེན་མོ་ཡུས་རྫོང་ནས་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོང་སྟེ་ཤུན་ལྡན་ཤིང་ཏོག་གི་ཚོང་ལས་གཉེར་བ་མ་ཟད། སེང་གེ་ཁ་འབབ་གྲོང་རྡལ་གྱི་གཙང་པོ་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་མི་རིགས་ཁྱིམ་གཞི་ཆེན་མོའི་ནང་འདྲེས་ཡོད། པར་འདི་ནི་ཨ་པུའུ་ཏུའུ་ཅེ་ལི་ལི·མའེ་ཐི་རུའུ་ཀང་གིས་ས་གནས་དེ་གའི་བོད་རིགས་གྲོགས་པོ་གདན་དྲངས་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་མྱོང་རོལ་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་གཙང་པོ་སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་ནི་སེང་གེ་ཁ་འབབ་འགྲམ་དུ་གནས་པ་དང་དེ་གར་མི་རིགས་མང་པོ་ཞིག་གི་མང་ཚོགས3000ལྷག་འཚོ་སྡོད་བྱེད་བཞིན་ཡོད། ལོ་ངོ་བཅུ་ལྷག་རིང་ཁོང་ཚོས་ཕན་ཚུན་བརྩི་འཇོག་དང་སློབ་སྦྱོང་། རོགས་རམ་བཅས་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་རེད། གྲོང་མི་ཨུ་ཡོན་ལྷན་ཁང་དེ2014ལོའི་ཟླ9པར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚོགས་པ”ལ་བདམས་པ་དང་། 2016ལོར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་ཁུལ”ལ་བདམས་པ་རེད། །

1310214901_16328159097901n.jpg

པར་འདི་ནི་ཞིན་ཅང་ཧོ་ཐེན་མོ་ཡུས་རྫོང་ནས་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོང་བའི་ཚོང་པ་ཨ་པུའུ་ཏུའུ་ཅེ་ལི་ལི·མའེ་ཐི་རུའུ་ཀང་གིས་ཁྱིམ་མཚེས་ལ་རང་ཁྱིམ་གྱི་བཟའ་མིའི་མཉམ་པར་སྟོན་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།