ལྷ་ས་མ་ཆགས་ལྷ་ས་ཆགས། ལྷ་ས་གློག་འོད་དཀྱིལ་དུ་ཆགས།

src=http___b-ssl.duitang.com_uploads_item_201810_11_20181011040244_UkJNV.thumb.700_0.jpeg&refer=http___b-ssl.duitang.jpg

སྐར་ཚོགས་རྣམ་པར་བཀྲ་ཞིང་གློག་བཞུ་ཁྲ་ཆིལ་ཆིལ་གྱི་ལྷ་སའི་མཚན་མོ་ནི་ལྟ་བས་མི་ངོམ་པའི་མཛེས་རིས་ཤིག་དང་འདྲ། ཚོན་མདོག་རྣམ་པར་བཀྲ་བའི་གློག་འོད་ཀྱིས་ཉི་འོད་གྲོང་ཁྱེར་ལྷ་སའི་མཚན་ལྗོངས་ངོ་མཚར་འབུམ་གྱིས་ཕྱུག

གྲོང་ཁྱེར་གྱི་མཚན་ལྗོངས་ཇི་ལྟར་མཚར་སྡུག་ལྡན་ན་མི་དམངས་ཀྱི་འཚོ་བ་དེ་ལྟར་མཛེས་སྡུག་ལྡན། གློག་འོད་ནི་མཚན་ལྗོངས་ཀྱི་མཛེས་ཉམས་ལ་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞིང་། དེས་མི་ཚོར་འཆར་ཡན་གྱི་བར་མཐོངས་དང་ཉམས་ལེན་གྱི་སྐལ་བ་ཞིག་སྐྲུན་གྱི་ཡོད།

src=http___clubimg.club.vmall.com_data_attachment_forum_202105_08_205451gm3ictbgoqcif2zr.jpg&refer=http___clubimg.club.vmall.jpg

སྒྱུར་བཀོད་བྱས་རྗེས་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་མཐའ་འཁོར་དུ་རྣམ་པར་བཀྲ་བའི་མེ་ཏོག་དང་གཡུ་ལོ་ཐགས་སུ་བཀྲ་བའི་རྩྭ་རྩི་ཤིང་དང་། དྭངས་གཙང་གི་མི་བཟོས་མཚེའུ། ཟམ་པ་བཅས་ཚོན་མདོག་སྣ་ལྔའི་གློག་འོད་ཀྱིས་རབ་ཏུ་བརྒྱན་ནས་འཇའ་མཚོན་ས་ལ་འཕོས་པ་བཞིན་མི་རྣམས་ཀྱི་མིག་ལམ་དུ་ཁྲ་ཆིལ་ལེར་མངོན་ལ། བར་སྐོར་དང་། གཙང་འགྲམ་སྤྱི་གླིང་། དབན་ཏ་ཐང་ཆེན། སྣེའུ་ཟམ་ཆེན། ཕོ་བྲང་པོ་ཏ་ལའི་ཐང་ཆེན། འུན་ཤིང་ཀོང་ཇོ་ཟློས་གར་ཁང་སོགས་སུ་འཆམ་འཆམ་དང་། རོལ་རྩེད། མཛེས་ལྗོངས་ལ་རོལ་བཞིན་པའི་མི་ཚོཌ་གང་སར་མཐོང་རྒྱུ་ཡོད།

src=http___img.zcool.cn_community_014ed75b18e28ea801202e60b524f8.JPG@3000w_1l_0o_100sh.jpg&refer=http___img.zcool.jpg

དེ་དང་ཆབས་ཅིག ཚོན་མདོག་རྣམ་པར་བཀྲ་བའི་རིག་གནས་ཀྱིས་མཛེས་རྒྱན་སྤྲས་པ་ལས་བཟའ་བཏུང་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། ཐང་ཁྲོམ་དཔལ་འབྱོར་བཅས་གཞི་གཅིག་ཏུ་འདུས་པའི་ལྷ་སའི་མཚན་མོའི་དཔལ་འབྱོར་སྔར་བས་འཕེལ་རྒྱས་ཕྱིན་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་མཚན་མོའི་འཚོ་བ་ཡིས་མི་ཚོའི་ཉིན་མོའི་ངལ་དུབ་སེལ་བས་གྲོང་ཁྱེར་གྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་བཞིན་ཡོད། །

src=http___img1.qunarzz.com_travel_d2_1608_87_aedc280e701200b5.jpg_r_720x480x95_3a0ca9f0.jpg&refer=http___img1.qunarzz.jpg

src=http___img.pconline.com.cn_images_upload_upc_tx_photoblog_1111_22_c2_9695986_9695986_1321928161976.jpg&refer=http___img.pconline.com.jpg

src=http___img1001.pocoimg.cn_image_poco_works_81_2017_1123_10_18781607220171123100437055_187816072.jpg&refer=http___img1001.pocoimg.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།