ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་དགོངས་པ་དང་། བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། བོད་ལྗོངས་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས་ལྗོངས་སྤྱི་བདེ་ཐིང་གི་སློབ་གསོ་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་གྱིས་བོད་ལྗོངས་སློབ་ཆེན་དུ“དྲ་རྒྱའི་བདེ་འཇགས་སློབ་གྲྭར་ཁྱབ་གདལ་གཏོང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
དྲ་རྒྱའི་བདེ་འཇགས་མི་དམངས་ཉེན་རྟོག་པས་ཆེད་དོན་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་བོད་ལྗོངས་སློབ་ཆེན་གྱི་ལོ་རིམ་དང་པོའི་སློབ་མ་གསར་པ་520ལྷག་ཙམ་ལ་དྲ་རྒྱའི་བདེ་འཇགས་སྐོར་སྒྲོག་འགྲེལ་བྱས་པ་དང་། འཆད་ཁྲིད་དེ་ནི“ཁྲིམས་ལྟར་བདེ་འཇགས་ལྡན་པའི་སྒོ་ནས་དྲ་ཐོག་ཏུ་ཞུགས་པ”དང་། “དྲ་རྒྱའི་ཁ་བསླུས་སྔོན་འགོག” “དྲ་རྒྱའི་དཀྲོག་གཏམ་ལ་དོགས་ཟོན”སོགས་ཀྱི་བརྗོད་དོན་གཙོ་བོ་དང་། དེ་བཞིན“བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི‘བཀག་སྡོམ་ཉི་ཤུ’” “ཆ་འཕྲིན་དྲ་རྒྱ་སྤྱད་དེ་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་གྱི་བྱེད་སྒོར་གཏོར་བཤིག་གཏོང་བ་སོགས་ལ་དམིགས་ནས། རྒྱ་ཆེའི་དགེ་སློབ་ཀྱི་དྲ་རྒྱའི་འདུ་ཤེས་ཟབ་ཏུ་དང་འགོག་སྲུང་ནུས་པ་མཐོ་རུ་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་དྲ་རྒྱའི་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས“དྲ་རྒྱའི་བདེ་འཇགས་སློབ་གྲྭར་ཁྱབ་གདལ་གཏོང་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།