ལྷ་སའི་སྤྱི་བདེས“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱིAPPཁྱབ་གདལ་ཧུར་ཐག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཁྱབ་གདལ་ཤུགས་ཆེན་བཏང་ནས “དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི”རྣམ་པ་བཟང་པོ་ཞིག་ཆགས་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ཐོན་མང་དུ་འགྲོ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉིན་ཤས་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་སྡེ་ཚན་ཁག་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་བྱ་གཞག་ཚན་པ་དང་། བོགས་གཏོང་ཁང་པ། ལམ་རྒྱུད་ཚོང་ཁང་སོགས་སུ་བསྐྱོད་དེ“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱིAPPཁྱབ་གདལ་བྱེད་སྒོ་སྤེལ་ནས་མི་དམངས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱས་ཡོད།

བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་མི་དམངས་ཉེན་རྟོག་པ་ཁོངས་གཏོགས་ཁུལ་དུ་སྐྱོད་དེ་མང་ཚོགས་ལ་གློག་འཕྲིན་ཁ་བསླུས་དོགས་ཟོན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། མང་ཚོཌ་ཀྱིས“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས” APPཕབ་འཇུག་དང་ཐོ་འགོད་བྱེད་རོགས་བྱས་པ། རྒྱུན་མཐོང་ཁ་བསླུས་རྒྱག་སྟངས་ལ་འགྲེལ་བཤད་བརྒྱབ་པ། མང་ཚོགས་ལ་ཆ་རྒྱུས་མེད་པའི་འཕྲིན་ཐུང་དང་། སྦྲག་བསྐུར། སྤྱི་ཚོགས་ཀྱི་འབྲེལ་གཏུག་ཡོ་བྱད་བཅས་ལས་བསྐུར་བའི་སྦྲེལ་མཐུད་ནང་གང་བྱུང་དུ་འཛུལ་རྒྱུ་མེད་པ་དང་རྒྱུས་མེད་པའི་མཉེན་ཆས་གང་བྱུང་དུ་ཕབ་འཇུག་བྱ་རྒྱུ་མེད་པའི་ཁ་ཏ་བསླབ་བྱ་བྱས་ཡོད། རང་ཉིད་ཀྱི་མིང་དང་སྡོད་གནས་སོགས་སྒེར་གྱི་འབྲེལ་ཡོད་ཆ་འཕྲིན་ཤོད་ཐུབ་པའི་ཁ་པར་དང་འཕྲིན་ཐུང་འཕྲད་ཀྱང་ལམ་སེང་ཡིད་ཆེས་བྱ་རྒྱུ་མེད་པར་ཐབས་ལམ་གཞན་དག་བརྒྱུད་དེ་སྔར་བས་ཞིབ་བསྡུར་གསལ་པོ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གནམ་ནས་བག་ལེབ་ལྷུང་མི་སྲིད་པ་བློ་ལ་བརྟན་པོར་ངེས་དགོས།

གོམ་སྟབས་རྗེས་མར་ལྷ་སའི་སྤྱི་བདེས་ཐོག་མཐའ་བར་གསུམ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་གྱི་དྲིལ་བསྒྲགས་ལས་དོན་དེ་རྒྱུན་གཏན་གྱི་གལ་ཆེའི་གནས་བབ་ཐོག་བཞག་ནས“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཁྱབ་གདལ་ལས་དོན་ལ་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “ཁ་བསླུས་ངོ་རྒོལ”གྱི་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། མང་ཚོགས་དང་ཉེ་བཅར་གྱི་དྲིལ་བསྒྲགས་བྱེད་སྟངས་དེ་བས་མང་པོ་འཚོལ་ཞིབ་བྱེད་པ། མང་ཚོགས་ལ་རོགས་རམ་བྱས་ནས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་དུ་དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རྣམ་པ་བཟང་པོ་ཆགས་ནས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།