ལྷོ་ཁ་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སློབ་གསོ་པུའུ་ཡི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་བཅས་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྨན་བཅོས་དང་སློབ་གསོ། ཞིང་ལས་དང་ཞིང་སྡེ་སོགས་ཁྱབ་ཁོངས་ཁག་གི་ལས་དོན་ལ་ཚད་བརྒལ་གསར་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་།

ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་བྱུང་། “ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་ལས་དོན་གྱིས་དཀའ་གནད་གནད་འཁེལ་ཐག་གཅོད་བྱས་པ་རེད། གྲུབ་འབྲས་དེ་དག་ནི་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་ལ་རག་ལས་ཡོད་ལ། དེ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚད་གཞི་མཐོན་པོའི་སྐུལ་འདེད་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་བྱས་པའི་འབྲས་བུ་ཡིན། རྗེས་མར་ལྷོ་ཁ་གྲོང་ཁྱེར་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་གནད་འཁེལ་སྒོས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ནས། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། “དཀའ་གནད་ཆེ་བ་དང་སེམས་ཁྲལ་ཆེ་བ། རེ་འདུན་ཆེ་བ”ཞེས་པའི་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བར་དམིགས་ནས། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཞབས་ཞུའི་དོ་དམ་ཆུ་ཚད་སྔར་བས་མཐོ་འདེགས་སུ་གཏོང་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་འགན་འཁྲི་འཁུར་བ་དང་། རང་འགན་གཙང་སྒྲུབ། སེམས་ཤུགས་གཅིག་སྒྲིལ། དཔའ་ངར་ཆེན་པོས་སྔོན་སྐྱོད་བཅས་བྱས་ཏེ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཀྱི་རྣམ་པ་གསར་བ་ཧུར་ཐག་སྒོས་གཏོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།