བོད་ལྗོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་ཡག་པོ་བླངས།

3.jpg

4.jpg

5.jpg

པར་འདི་དག་ནི་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་དང་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ལ་བོད་ལྗོངས་སུ་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་བཅུག་པའི་ཆུ་བོ་དང་མཚོ། མཚེའུ་སྤྱི་ཡོངས་ཀྱི་ཆུའི་སྤུས་ཚད་ཚང་མ་རིགསIIIགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་ཚད་གཞིར་ལོན་པ་དང་། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད99%ཡན་ཟིན་པ་རེད། གཞན་ཡང་རང་བྱུང་སྲུང་སྐྱོང་ཁུལ81བཙུགས་པ་དེའི་བོད་ལྗོངས་མངའ་ཁོངས་ཀྱི35.94%ཟིན་ཞིང་། བོད་ལྗོངས་སུ་ཟིན་ཐོར་བཀོད་པའི་རི་སྐྱེས་རྩི་ཤིང་རིགས9600ཙམ་དང་། རི་སྐྱེས་སྒལ་ཚིགས་སྲོག་ཆགས་རིགས1072ལ་སླེབས་པ་རེད། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་གི་ཕན་འབྲས་རིམ་བཞིན་མངོན་གསལ་རེད། 

ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་དངོས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་ཐོབ་པ་དེས“སའི་གོ་ལའི་སྣེ་གསུམ་པ”ཡིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཡོད།

 “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་བོད་ལྗོངས་ཀྱིས་རྒྱུན་མཐུད་ངང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། ས་ཁུལ་རིམ་པ་དང་དེ་ཡན་གྱི་རྡུལ་ཕྲ་ཚང་མ་ཚད་གཞིར་སླེབས་ནསPM10དངPM2.5ལོ་རེའི་ཆ་སྙོམས་གར་ཚད2015ལོ་དང་བསྡུར་ན་སོ་སོར40%དང50%མར་ཆག་ཡོད།

བོད་ལྗོངས་ཀྱིས་ནགས་སྐྲུན་ལྗང་སྒྱུར་དང་ཞན་འགྱུར་བརླན་སར་སྲུང་སྐྱོང་དང་སླར་གསོ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ། རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་སོགས་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པས། བོད་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས། 

སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན། བོད་ལྗོངས་ཀྱི་སྐྱེ་དངོས་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐོབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།