ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“རྒྱལ་དར་འོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ།

7e67d0a9-02b7-4c94-bf3d-258ef1bd5022.jpg

ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པ་ཚོས་གསར་བརྗེའི་གླུ་གཞས་གཏོང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་རྟོགས་ཐུབ་པ། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་འཁུར་ཕོད་པ་དང་ལས་འགན་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱ་ཆེད། འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངེས་སྦྱོང་སློབ་ཚན”ལ་བརྩིས་ཏེ“རྒྱལ་དར་འོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་པ་རེད།

“མཛད་སྒོའི་སློབ་ཚན”ལ་བརྟེན་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཞིང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཟླ་རེའི་གཟའ་འཁོར་དང་པོའི་གཟའ་ཟླ་བར“ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད”པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། དལ་བུར་སྒྲེང་བའི་སྐར་ལྔའི་དར་དམར་གྱི་མདུན་དུ་བཀོད་འཐབ་པ་ཚོས་རྒྱལ་དར་ཁྲིད་སྟོན་དུ་བྱས་ནས“ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་ཁུར། རང་སྲོག་བློས་གཏོང་། དམངས་ཆེད་ལྷག་བསམ་རྣམ་དག”བཅས་བྱེད་པའི་དམ་བཅའ་ལག་ལེན་བསྟར་རྒྱུའི་དམ་བཅའ་བཞག་པ་རེད།

“སྒྲོག་འགྲེལ་སློབ་ཚན”ལ་བརྟེན་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་བ་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་རྩ་འཛུགས་ཀྱིས་རྒྱལ་དར་འོག་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས“སློབ་ཚན་ཆུང་ངུ”བཏོད་དེ་བཀོད་འཐབ་པ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། འབད་འཐབ་དང་འཚར་ལོངས་ཀྱི་ཉམས་མྱོང་གཅིག་རྗེས་གཉིས་མཐུད་ངང་གླེང་བ་དང་། འགན་འཁྲི་གླེང་བ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་པས་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཀོད་འཐབ་པ་ཡོངས་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་ཕྱིན་པ་དང་། འབད་འབུངས་ཡར་བརྩོན་དང་གདོང་ལེན་པ་བྱེད་ཕོད་པ། དཀའ་ངལ་གྱི་མདུན་དུ་མདུན་སྐྱོད་བྱེད་པ་བཅས་ཀྱི་ལྷག་བསམ་དང་བརྩེ་སེམས་འཕེལ་ནས་མེ་ཟོན་ལས་རིགས་ཀྱི་གཟི་བརྗིད་མཚན་སྙན་དང་སྤོབས་སེམས་སྔར་བས་ཆེ་རུ་ཕྱིན་པ་རེད།

“གསར་བརྗེའི་གླུ་གཞས་སློབ་ཚན”ལ་བརྟེན་ནས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་འཕེལ་བར་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་ཁག་གིས་རྒྱལ་དར་འོག་གསར་བརྗེའི་གླུ་གཞས་ལེན་པའི་བྱེད་སྒོ་སྤེལ་ཞིང་། སྤྲོ་བ་འཕེལ་བའི་གླུ་གཞས་རེ་རེ་ལས་བཀོད་འཐབ་པ་ཚོས་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་སྙན་འཇེབས་ལྡན་པའི་འགྱུར་ཁུག་རེ་རེ་ལས། བཀོད་འཐབ་པ་ཚོས་ཏང་ལ་ཕུལ་བའི་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།

“རྒྱལ་དར་འོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི”བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་བརྒྱུད། རྒྱལ་དར་གྱི་སྣེ་ཁྲིད་འོག ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་པ་ཁག་གི་བཀོད་འཐབ་པའི་ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་ཐེབས་པ་དང་། ལྷག་བསམ་ཟོལ་མེད་ཀྱི་དད་སེམས་བརྟན་དུ་སོང་བ། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་ཕྱིན་པ་བཅས་བྱུང་སྟེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཏན་ཏིག་བྱས་ཏེ། དུས་རབས་གསར་པའི་ཆབ་མདོའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་ཕུལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།