བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་འགྲུལ་ཁང་ལས་རིགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲུལ་ཁང་ལས་རིགས་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགྲུལ་ཁང་གིས་མིང་ངོ་མ་ཐོ་བཀོད་བྱ་རྒྱུ་སྔར་བས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བཅས་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་བརྒྱད་གཅིག་མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་འགྲུལ་ཁང་ལས་རིགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པ་ཚོས་འགྲུལ་ཁང་ལས་རིགས་ཀྱིས་ཆ་འཕྲིན་མ་ལག་སྤྱོད་ཚུལ་དང་དེ་བཞིན་བཞག་སྡོད་མི་སྣའི་ཐོ་བཀོད་དེབ་སོགས་ལས་དོན་རྩིས་ཐོར་ཞིབ་བཤེར་དང་། འགྲུལ་ཁང་ནང་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར། འགྲུལ་ཁང་ལས་རིགས་ཀྱིས་རྒྱུན་གཏན་མེ་ཟོན་དང་རྐུ་འགོག་སོགས་ཀྱི་བདེ་འཇགས་འགོག་ཟོན་ལས་དོན་ལ་ལྟ་སྐུལ། འགྲུལ་ཁང་གི་ཁ་འགྲེམས་ལམ་དང་། བདེ་འཇགས་ཐོན་སྒོ མེ་ཟོན་ཡོ་ཆས་སོགས་མེ་ཟོན་སྒྲིག་ཆས་གནས་ཚུལ་དང་ལྷག་པར་དུ་མེ་སྤྱོད་དང་གློག་སྤྱོད་ཐད་ལྷག་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་གྲལ་བཤེར་བཅས་བྱས་ཏེ་འགྲུལ་པ་དང་ལས་དོན་མི་སྣའི་བདེ་འཇགས་འགན་ལེན་བྱས་པ་རེད།

ད་ཐེངས་ཞིབ་བཤེར་ནང་འགྲུལ་ཁང་7ལ་ཞིབ་བཤེར་དང་ཁང་མིག་61ལ་བརྟག་དཔྱད་བྱེད་སྐབས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་2ཤེས་རྟོགས་བྱུང་བ་དང་བཞག་སྡོད་བྱེད་མཁན་80ཙམ་ལ་ཞིབ་བཤེར་བྱས་ཡོད། ད་ཐེངས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་གྱི་འགྲུལ་ཁང་ལས་རིགས་གཙོ་བོའི་བདེ་འཇགས་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་འགྲུལ་ཁང་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་འགོག་ཟོན་ཆུ་ཚད་མཐོ་རུ་ཕྱིན་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་པ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།