དམག་དམངས་དབར་གྱི་བརྩེ་སེམས་ཉ་ཆུ་ལྟར་ཟབ།

7869d35c-8de4-4cff-9038-69a0b0da2900.jpg

འདི་ནི་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཚོས་ཞལ་འདེབས་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་བགྲེས་སོང་ཆོས་འཛོམས་ཀྱི་ཚ་མོ་བདེ་ཆེན་གསལ་སྒྲོན་སློབ་ཆེན་དུ་རྒྱུགས་འཕྲོད་མོད། ཡིན་ནའང་བགྲེས་སོང་ཆོས་འཛོམས་མི་གཅིག་གིས་ཚ་མོ་གཉིས་གསོ་གི་ཡོད་པ་དང་གཞི་རྩའི་འཚོ་བར་འགན་ལེན་ཡོད་ཀྱང་ཡོང་འབབ་མང་པོ་མེད་པ་དང་དབུལ་སྒྲོལ་རྨང་གཞི་ཧ་ཅང་བརྟན་པོ་མེད་པས་སློབ་ཆེན་གྱི་སློབ་ཡོན་དང་ལྟོ་རིན་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་རོགས་སྐྱོར་སྣེ་ཁྲིད་ཀྱི་ཆེད་དོན་ཚན་ཁག་བཙུགས་ཏེ། དཔོན་དམག་སྒྲིག་འཛུགས་བྱས་ནས་ཞལ་འདེབས་བརྒྱབ་པ་དང་འབྲེལ་ཏང་ཡོན་གྱི་ཟླ་རེའི་སློབ་སྐྱོར་ལམ་སྲོལ་བཟོས་ནས་བགྲེས་སོང་ཆོས་འཛོམས་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།