ཀྲུངགོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ཟླ་9ཚེས་22ཉིན་2021ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན(དུས་ཐེངས་གསུམ་པ)འགྲེམས་སྤེལ་བྱ་རྒྱུ་དང་། བུན་འཛིན་གྱི་ཨང་རྟགས་ནི“2105741”ཡིན་ཞིང་། འགྲེམས་སྤེལ་དངུལ་ཐང་གི་བསྡོམས་འབོར་སྒོར་དུང་ཕྱུར་1ལས་བརྒལ་མེད། དེའི་ནང་ཚོང་ལས་དངུལ་ཁང་གི་ལས་སྟེགས་ནས་དངུལ་ཐང་སྒོར་དུང་ཕྱུར་0.3ལས་མི་བརྒལ་བའི་བུན་འཛིན་འགྲེམས་སྤེལ་བྱ་རྩིས་ཡོད་པ་དང་། དེའི་རིགས་ནི་རྩིས་ཐོ་རྣམ་པའི་སྐྱེད་ཚད་གཏན་འཁེལ་གྱི་ཟུར་སྐྱེད་བུན་འཛིན་རེད།
དེ་རེས་ཀྱི་སྤྱིར་བཏང་གི་བུན་འཛིན་བརྒྱུད་ཁྱབ་གདལ་བསྡུ་རུབ་བྱས་པའི་མ་དངུལ་དེ་གཙོ་བོ་གྲོང་ཁྱེར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་སྤྱོད་རྒྱུ་ཡིན་པ་རེད།
ད་རེས་ཀྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་བུན་འཛིན་གྱི་ལས་སྟེགས་འགྲེམས་ཚོང་ཉིན་མོ་ནི་ཟླ་9ཚེས་23ཉིན་དང་། ཚེས་24ཉིན། ཚེས་26ཉིན་བཅས་ཡིན་པ་དང་སྐྱེད་ཀ་བརྩི་བའི་ཉིན་མོ་ནི་ཟླ་9ཚེས་27ཉིན་རེད། 2024ལོའི་ཟླ་9ཚེས་27ཉིན་མ་དངུལ་འཇལ་བ་དང་ཆབས་ཅིག་མཐའ་མའི་སྐྱེད་ཀ་འཇལ་སྤྲོད་བྱེད་དགོས། བུན་འཛིན་གྱི་དངུལ་ཐང་སྒོར་100ཡིན་པ་དང་། བུན་འཛིན་ཉོ་འབོར་ནི་དངུལ་ཐང་སྒོར་100ཡི་ཧྲིལ་གྲངས་ཀྱི་ལྡབ་ཡིན་པ་དང་། ཤོག་དངུལ་གྱི་སྐྱེད་ཚད་ཟླ་9ཚེས་22ཉིན་ཡོངས་བསྒྲགས་ཀྱི་སུས་འཇོན་དེ་འགུག་བྱས་ནས་གཏན་འཁེལ་བྱ་རྒྱུ་རེད།
ད་རེས་བུན་འཛིན་གྱི་ལས་སྟེགས་ལས་སྒོ་གཉེར་མཁན་དངུལ་ཁང་6ཡོད་པ་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། ཀྲུང་གོ་དངུལ་ཁང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་། ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་དམངས་འཚོའི་དངུལ་ཁང་བཅས་རེད། འགྲེམས་ཚོང་དུས་ཡུན་རིང(ཟླ་9པའི་ཚེས་23ཉིན་དང་། ཚེས་24ཉིན། ཚེས་26ཉིན།)མི་སྒེར་དང་ལས་ཁུངས་འབྲིང་ཆུང་གི་མ་འཇོག་མཁན་གྱིས་གོང་དུ་བརྗོད་པའི་དངུལ་ཁང་གི་ལས་གཉེར་ཁང་གི་ལས་སྟེགས་ཕྱིར་ཚོང་དུས་ཚོད་ནང་ལས་སྟེགས་ནས་ཉོ་ཆོག་པ་དང་། དྲ་ཐོག་དངུལ་ཁང་གི་ཐབས་ལམ་(དྲ་ཐོག་དངུལ་ཁང་དང་ལག་ཐོགས་ཁ་པར་དངུལ་ཁང་ཚུད་པ)བརྒྱུད་དེ་ད་རེས་ཀྱི་བུན་འཛིན་ཉོ་ཆོག་གི་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར1འགྲེམས་སྤེལ་བྱ་རྒྱུ་ཡིན་པ།