བོད་ལྗོངས་མཁའ་འགྲུལ་གྱིས་གྲོང་སྡོད་ས་ཚིགས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཁྲེང་ཏུའུ་རུ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བསྐྱོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་ཏང་ཨུད་ཀྱིས་གྲོང་སྡོད་ས་ཚིགས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རྡོ་འཕོང་རག་ཁ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཁྲེང་ཏུའུ་རུ་གྲོང་གསེབ་དར་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད།

ཀུང་སིའི་ཏང་ཨུད་ཀྱི་སྒྲིག་འཛུགས་འོག རྡོ་འཕོང་རག་ཁ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་དང་བཅས་པ་སྔ་རྗེས་སུ་བོད་ལྗོངས་མཁའ་འགྲུལ་གྱི་ཏང་འཛུགས་སྐྱོང་རིག་གནས་འགྲེམས་ཁང་དང་། ཧོང་ལུང་ཤི་གྲོང་རྡལ་ཧོང་ལུང་སྡེ་ཁུལ། སི་ཁྲོན་ཚན་རྩལ་ཁང་། ཁྲེང་ཏུའུ་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད།

ཧྲོང་ལིའུ་ཆུས་ཧོང་ལུང་ཤི་གྲོང་རྡལ་ཧོང་ལུང་སྡེ་ཁུལ་དུ་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མིས་སྡེ་ཁུལ་ལས་དོན་པ་དང་མཉམ་དུ་གྲོང་གསེབ་དར་རྒྱས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་ཐོག ཕྱོགས་གཉིས་པོས་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་རང་རང་སོ་སོའི་བྱེད་ཐབས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། དེ་རྗེས་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་ཚོ་ཧོང་ལུང་ཤི་གྲོང་རྡལ་གྱི“སྤྲོ་སྣང་ཞིང་རའི”རྣམ་གྲངས་ཀྱི་ས་ཆ་དངོས་སུ་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།