ལྷ་ས་གྲོང་ཁྱེར་གྱིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2021ལོའི“གསར་གཉིས”རྩ་འཛུགས་དང“ཁྱབ་པ་གཉིས”ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས། བཟོ་ཚོགས་ཀྱིས་སྤྱི་འདོམས་དང་། ཏང་ཨུད་ཀྱིས་འགོ་ཁྲིད། སྤྱི་ཁྱབ་ཀྲི་པུས་འགན་འཁུར། ཀྲི་པུའུ་ཁྱབ་པ་བཅས་ཀྱི་རྩ་འཛུགས་མ་ལག་རཌ་ཙམ་ཆཌ་ཏེ། “གསར་གཉིས”རྩ་འཛུགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ“ཡོད་མེད”ནས“སྟོབས་ཆེན་པོ་ཡོད་མེད”བར་དང“སྒྲུབ་ཡོད་མེད”ནས“ལེགས་པོ་ཡོད་མེད”བར་འཕེལ་རྒྱས་ཕྱིན་ཡོད།

ལོ་མང་རིང་གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱིས་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས“གསར་གཉིས”རྩ་འཛུགས་ཁྲོད་དུ་ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་ཚད་ཆེ་རུ་བཏང་བ་དང་། ཏང་དོན་ལས་དོན་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཟམ་མི་ཆད་པར་ཆེ་རུ་བཏང་བས། ལས་བཟོ་མང་ཚོགས་ཁྲོད་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྲོག་ཤིང་དང་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། ཟླ་བརྒྱད་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི“གསུམ་ལྡན”ཚད་གཞིའི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཁེ་ལས་ལ་ཏང་རྩ་འཛུགས་ཁྱབ་ཚད་58.55%ཟིན་པ་དང་། བཟོ་ཚོཌ་རྩ་འཛུགས་ཁྱབ་ཚད་50.03%ཟིན་པ། སྡེ་ཚོགས་རྩ་འཛུགས་ཁྱབ་ཚད་41.92%ཟིན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁྱབ་ཚད་43.65%ཟིན་ནས་2020ལོ་ལས་བརྒྱ་ཆའི་གྲངས་25.8དང་། 14.28 6.41 9.22བཅས་སོ་སོར་འཕར་ཡོད། སྤྱི་ཚོཌ་རྩ་འཛུགས་ལ་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་པ་དང་། བཟོ་ཚོགས་ཁྱབ་ཚད་76%ཟིན་པ། སྡེ་ཚོགས་རྩ་འཛུཌ་ཁྱབ་ཚད་68%ཟིན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཁྱབ་ཚད་84%ཟིན་ནས་2020ལོ་ལས་བརྒྱ་ཆའི་གྲངས་2.17དང་། 14 16 2བཅས་སོ་སོར་འཕར་ནས་དམངས་བཙུགས་སློབ་གྲྭ་དང་ཁྲིམས་རྩོད་པའི་ལས་རིགས་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་གྱི་གྲངས་འབོར་4000ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།