ར་མོ་ཆེ་སྡེ་ཁུལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲེང་ཀོན་ཆུས་ར་མོ་ཆེ་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དྲིལ་བསྒྲགས་དང་མང་ཚོགས་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མི་དང་། ཚོང་དུད། སྡེ་ཁུལ་གྱི་ལས་དོན་པ་བཅས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་ནང་སྤྲོ་སེམས་ཆེན་པོས་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། སྡེ་ཁུལ་གྱི་གྲོང་མིར་ཤེས་དཔལ་ལ་སྣང་ཆེན་དང་སྲོལ་གསར་གཏོད་རྒྱུར་ཁྲིད་སྟོན་བྱས་པ། ཤེས་དཔལ་ལྡན་པའི་སྡེ་ཁུལ་མཉམ་དུ་བསྐྲུན་པ་བཅས་ལ་རྒྱ་ཆེའི་མང་ཚོགས་ཚོའི་ཁས་ལེན་ཐོབ་ཡོད།

ཉེ་ཆར། གསར་འགོད་པར་ར་མོ་ཆེ་སྡེ་ཁུལ་དགའ་ལྡན་ཁང་གསར་སྲང་ལམ་ནས་སྟོད་གོས་དམར་པོ་གྱོན་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ་10ལྷག་ཙམ་གྱིས་ལག་ཏུ་ཨ་ཅོར་དང་ཕྱགས་མ་འཁྱེར་ཏེ་སྲང་ལམ་རྒྱུད་ཀྱི་ལམ་ངོས་ཀྱི་གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་པ་མཐོང་བྱུང་།

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཚད་ལྡན་དུ་གཏོང་ཆེད། ར་མོ་ཆེ་སྡེ་ཁུལ་གྱིས་ད་དུང་དང་བླངས་ཞབས་ཞུའི་ལམ་ལུགས་བཙུགས་ཏེ་དང་བླངས་པ་ཐོ་འགོད་དང་བྱེད་སྒོའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་དཔེ་སྟོན་ཚོགས་པ་དང་། དཔེ་སྟོན་ས་ཚིགས། སྤུས་རྟགས་རྣམ་གྲངས་བཅས་སྐྱེད་སྲིང་བྱེད་པ། དང་བླངས་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ར་མོ་ཆེའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་གཏན་འཇཌ་དང་བླངས་པ་119ཡོད་པ་རེད།

“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ར་མོ་ཆེ་སྡེ་ཁུལ་གྱིས“མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་དཔེ་སྟོན་ཁྲོམ་གཞུང་”འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དང་སྲང་ལམ་ལ་ཕྱོགས་བསྡུས་བཅོས་སྒྲིག་དང་སྒྱུར་བཀོད་རིམ་སྤོར་བྱས་པ་རེད། ར་མོ་ཆེ་ལམ་སྒོ་རྟགས་ཨང་59ཡི་ར་མོ་ཆེ་སྡེ་ཁུལ་གྱིས་ལམ་འགྲམ་གྱི་གྱང་ངོས་སུ་ཆེད་མངགས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཤེས་དཔལ་སྲོལ་གསར་སོགས་བརྗོད་དོན་གཙོ་བོའི་ཤེས་བྱ་བྲིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་བྱེད་པའི་རྣམ་པ་ཤུགས་ཆེན་བཏོད་པ་དང་གྲོང་མིའི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།