ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་བསུ་བའི་ལས་དོན་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་བསུ་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་ལ་འཕྲལ་དུ་བྱ་སྤྱོད་སྤེལ་ནས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་བསུ་བའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་བསྐྱར་ཞིབ་བདེ་བླག་ཡོང་བའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་བསྐྱར་ཞིབ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློའི་ཐད“མཚན་སྙན་སྲུང་བ་འགན་འཁྲིར་བརྟེན་པ་དང་། མཚན་སྙན་ཤོར་བ་ངོ་ཚ་ཡིན་པའི”འདུ་ཤེས་ཟབ་ཏུ་གཏོང་བ་དང་། “མགྱོགས་པོ་དང་། ནན་པོ། ཏན་ཏིག ལས་ཕྱོད་ཆེ་བ”བཅས་ཀྱི་བླང་བྱར་གཞིཌ་པ། དམ་པ་དོན་གཉེར་དང་ནུས་ལྡན་གྱི་བྱ་ཐབས་སྤྱོད་པ། འཕྲོད་བསྟེན་བསྐྱར་ཞིབ་ཀྱི་འགག་སྒྲོལ་དམག་འཐབ་མགྱོགས་མྱུར་རྒྱག་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བསྐྱར་ཞིབ་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།