ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་གྲོང་གསེབ་འཛུགས་སྐྲུན་ལ་མཁོ་ཆེ་ལ་བྱང་ཚད་ལེགས་པའི་ཞིང་པའི་དཔུང་ཁག་གང་མགྱོགས་གསོ་སྐྱོང་བྱ་ཆེད《འདམ་གཞུང་རྫོང་གི་2021ལོའི་བྱང་ཚད་ལེགས་པའི་ཞིང་པའི་གསོ་སྦྱོང་ལག་བསྟར་ཇུས་གཞི》གཞིར་བཟུང་། ཉེ་དུས་འདམ་གཞུང་རྫོང་གི་བྱང་ཚད་ལེགས་པའི་ཞིང་པའི་གསོ་སྦྱོང(དུས་ཐེངས་གཉིས་པ)དེ་ལྷ་ས་གྲོང་ཁྱེར་ལན་ཞང་རྩལ་ནུས་གསོ་སྦྱོང་སློབ་གྲྭར་སློབ་འགོ་ཚུགས་པ་དང་། འདམ་གཞུང་རྫོང་ལུང་རིང་ཤང་དང་། དབུ་མ་ཐང་ཤང་། ཀོང་ཐང་ཤང་། གནམ་མཚོ་ཤང་བཅས་ཀྱི་ཞིང་འབྲོག་མང་ཚོགས་100གསོ་སྦྱོང་ལ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་འཚོག་ཡུན་ཉིན་8ཡིན་པ་དང་། ཞིང་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་རྩལ་ནུས་ཀྱི་དགོས་མཁོ་སྐོང་རྒྱུ་ལྟེ་བ་དང་གསོ་སྦྱོང་གི་སྤུས་ཚད་དང་ནུས་ཕྱོད་ཆེ་རུ་གཏོང་རྒྱུ་འགག་རྩར་བྱས་ཏེ་བྱང་ཚད་ལེགས་པའི་ཞིང་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར“དུས་མཚམས་དབྱེ་བ་དང་། དངོས་སྦྱོང་ལ་སྣང་ཆེན། དེའི་ནང་ཞུགས་པ”བཅས་དང་དེ་བཞིན“ཞིང་ལས་དང་སློབ་སྦྱོང་ཟུང་འབྲེལ་དང་། གཤམ་སྐྱོད་སློབ་ཁྲིད། ཞིང་ནང་གཡོག་བྱེད”བཅས་ཀྱི་གསོ་སྦྱོང་བྱེད་སྟངས་སྤྱད་པ་དང་གསོ་སྦྱོང་གི་ནང་དོན་ནི་བྱང་ཚད་ལེགས་པའི་ཞིང་པར་གསོ་སྦྱོང་བྱས་ནས་ལས་ཀ་ངོ་སྤྲོད་དང་། ཁྱིམ་ཚང་ཞིང་ར་གཉེར་སྐྱོང་དོ་དམ། ཞིང་པའི་མཉམ་ལས་ཁང་འཛུགས་སྐྲུན་དོ་དམ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
འདམ་གཞུང་རྫོང་གིས་བྱང་ཚད་ལེགས་པའི་ཞིང་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་པ།