ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་ཁག་དང་པོ་བདེ་བླག་ངང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་946.84དང་རིམ་པ་དེ་གའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་5800བཏང་ཡོད། རྣམ་གྲངས་དེ་2020ལོའི་ཟླ་11པར་ལས་འགོ་བཙུགས་ཚུན། བྲག་ཡིབ་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ཞིབ་ཕྲའི་ལག་ལེན་བྱེད་སྒོ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། དུས་བཀག་ལྟར་རྗེས་སྙེག་ཕན་འབྲས་འདྲི་རྩད་བྱས་ཏེ་རྣམ་གྲངས་སྒྱུར་བཀོད་ལ་འཕྲད་པའི་དཀའ་ངལ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་ཏེ་རྣམ་གྲངས་དུས་ཐོག་དང་། ནུས་ཆེ། སྤུས་ཚད་འགན་ལེན། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བྲག་ཡིབ་ཆུས་ཀྱི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་ཁག་དང་པོ་སྤྱོད་མགོ་ཚུགས་པ།