“གློག་ཤུགས་མཁའ་ལམ”གྱི་སྲུང་སྐྱོང་བ།

—— རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སིའི་ཞིབ་བཤེར་མི་སྣ་དགེ་ལེགས་ཆོས་འཕེལ་གྱི་སྐོར་བཀོད་པ།

དགེ་ལེགས་ཆོས་འཕེལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སིའི་ཞིབ་བཤེར་པ།

2020ལོར། མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། དགེ་ལེགས་ཆོས་འཕེལ་གཞིས་རྩེ་ཡུན་ཝེ་ཡན་ལག་པུའུ་རུ་ལས་བགོས་བརྒྱབ། མངའ་རིས་དྲ་སྦྲེལ་ལས་གྲྭར་རྗེས་སྙེགས་ཞིབ་བཤེར་རྩིས་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། དུས་ཡུན་ཟླ་8རིང་ལས་ཡུལ་དུ་རྗེས་སྙེགས་བྱེད་པའི་བརྒྱུད་རིམ་ཁྲོད། ཁོང་གིས་བྱང་ཆུབ་པའི་གློག་ཤུགས་ཉམས་བཟོའི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་གློག་དྲ་བདེ་འཇགས་དང་བརྟན་པོ་ཡོང་བར་ནུས་ཤུགས་གང་ཡོད་བཏོན་ཡོད།

དགེ་ལེགས་ཆོས་འཕེལ་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སིའི་ཞིབ་བཤེར་པ་ཞིག་རེད། དབྱེ་འབྱེད་དང་། ཉམས་བཟོ། འཁོར་སྐྱོད་བཅས་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་རེད། ལོ་བཅུ་གྲངས་རིང་ཁོང་གིས་བྱང་ཆུབ་པའི་གློག་ཤུགས་ཉམས་བཟོའི་ལག་རྩལ་ལ་བརྟེན་ནས་བོད་ཀྱི་གློག་དྲ་བདེ་འཇགས་དང་བརྟན་པོ་ཡོང་བར་ནུས་ཤུགས་གང་ཡོད་བཏོན་པ་དང་འབྲེལ་བོད་ཀྱི་གློག་དྲ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་དཔང་པོ་བྱས་ཡོད།

དགེ་ལེགས་ཆོས་འཕེལ་གནས་སའི་རྒྱལ་ཁབ་གློག་དྲ་ཉམས་བཟོ་ཀུང་སིར་ཉམས་བཟོ་བྱ་རྒྱུའི“གློག་ཤུགས་མཁའ་ལམ”བཞི་ཡོད་ཅིང་། གློག་ཤུགས་ཐོན་ཁུངས་འགན་ལེན་དང་གློག་ཤར་གཏོང་ཐུབ་ཆེད་ཀུང་སིས་ལོ་ལྟར་དཔྱིད་དུས་སུ་གློག་སྐུད་ཕྱོགས་ཡོངས་ནས་ཉམས་བཟོ་བྱེད་ཀྱི་ཡོད།

“དཔྱིད་དུས་ལས་འགན་ལྕི་བ་དང་ཞིབ་བཤེར་མི་སྣ་ཉུང་བས་ཉམས་བཟོ་བྱ་ཡུལ་དུ་ཟླ་བ་གཅིག་ལྷག་ཙམ་སྡོད་དགོས་ཀྱི་ཡོད། དེར་བརྟེན་ཚང་མའི་ངོ་གདོང་ཉི་མས་འཚིག་ནས་ནག་ཀྱང་ཆཌ་ཀྱི་འདུག”ཅེས་གསར་འགོད་པར་དགོད་བཞིན་བཤད།

2020ལོར། མངའ་རིས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། དགེ་ལེགས་ཆོས་འཕེལ་གཞིས་རྩེ་ཡུན་ཝེ་ཡན་ལག་པུའུ་རུ་ལས་བགོས་བརྒྱབ། མངའ་རིས་དྲ་སྦྲེལ་ལས་གྲྭར་རྗེས་སྙེགས་ཞིབ་བཤེར་རྩིས་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། དུས་ཡུན་ཟླ་8རིང་ལས་ཡུལ་དུ་རྗེས་སྙེགས་བྱེད་པའི་བརྒྱུད་རིམ་ཁྲོད། དགེ་ལེགས་ཆོས་འཕེལ་གྱིས་ལས་རོགས་གཞན་དག་ཚོ་དང་འདྲ་བར་ཉིན་ལྟར་ཐལ་རྡུལ་ཁྲོད་རྐང་ཐང་མར་ས་བབ་མཐོ་ཚད་སྨི་4500ཡོད་པའི་ལས་ཡུལ་ཁག་ཏུ་སྐྱོད་ཀྱི་ཡོད། སྐབས་རེ་ཁོང་གིས་མཚན་གུང་བར་ལས་ཀ་འཕར་མར་བྱས་ནས་སྡོད་ཀྱི་ཡོད། ཁོང་གི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཀྱིས་མཐའ་འཁོར་གྱི་ལས་རོགས་ཡོངས་ལ་ཤུགས་རྐྱེན་ཐེབས་ནས་ཁོང་ཚོའི་ལས་ཀའི་ངར་ཤུགས་ཀྱང་དེ་བས་ཆེ་རུ་སོང་།

2020ལོའི་ཟླ་12ཚེས་4ཉིན། མངའ་རིས་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། སྐབས་དེར་དཀའ་སྤྱད་བློས་གཏོང་བྱས་པ་ཚང་མར་གྲུབ་འབྲས་ཐོབ་པས་དགེ་ལེགས་ཆོས་འཕེལ་དང་ལས་རོགས་ཚོ་སེམས་འགུལ་ཚད་མེད་ཐེབས་པ་དང་རང་དབང་མེད་པར་མིག་ཟུང་མཆི་མས་བརླན་བཞིན་ཚང་མས“དཀའ་ལས་བརྒྱབ་རིན་ཆོག་འདུག”ཅེས་བཤད།

བོད་དུ“གློག་ཤུགས་མཁའ་ལམ”4བསྐྲུན་ནས་བོད་ཀྱི་གཅིག་གྱུར་གློག་དྲ་དང་གློག་ཆེན་རིམ་པ་ཆན་ཧྥུའུ་110ནས་500བར་འཕར་བའི་དཔང་པོ་ཞིག་ཡིན་པའི་ངོས་ནས། དགེ་ལེགས་ཆོས་འཕེལ་ལ་སྤོབས་པ་ཚད་མེད་སྐྱེ་གི་ཡོད། ཁོང་གིས“འཐབ་ས་དང་པོར་ལས་ཀ་བྱས་ན་དཀའ་ལས་ཆེ་མོད། འོན་ཀྱང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཐུབ་པ་དང་ལས་རོགས་ཚོ་དང་མཉམ་དུ‘གློག་ཤུགས་མཁའ་ལམ’དང་ཕ་ཡུལ་སྲུང་སྐྱོང་ཐུབ་པར་གཟི་བརྗིད་དང་སྤོབས་པ་སྐྱེ་གི་འདུག”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།