ལྷ་ས་གྲོང་ཁྱེར་གྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་གྱི་གན་འཇོག་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་གྱི་གན་འཇོག་བྱེད་སྒོ་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དོ་དམ་ཨུ་ལྷན་དུ་སྤེལ་བ་རེད།

ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་གྱི་མཉམ་ལས་གྲོས་མཐུན་བཞག་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་གྱི་ལས་སྟེགས་གཏོད་རྒྱུ་དང་ཆབས་ཅིག དམག་ཞབས་ཐིམ་པའི་དམག་མིར་འཇོན་ཐང་ངོམ་སའི་གནམ་ས་ཆེན་པོའང་གཏོད་རྒྱུ་རེད། ལྷ་ས་གྲོང་ཁྱེར་གྱིས། རིམ་ཁག་ལས་རིགས་ཁག་ཚང་མས་་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་དེ་བཞིན་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། ལྷ་ས་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ད་ཐེངས་ཀྱི་གན་འཇོག་གོ་སྐབས་སུ་བྱས་ཏེ་བྱ་བ་བཟང་པོ་སྒྲུབ་པ་དང་། འཚོལ་ཞིབ་ཧུར་ཐག་བྱེད་པ། ཉམས་མྱོང་དང་བྱ་ཐབས་བཟང་པོ་གསོག་འཇོག་བྱེད་དགོས་པ་དང་། དམག་ཞབས་ཐིམ་པའི་དམག་མིས་དམག་ཞབས་ཐིམ་རུང་སྙིང་སྟོབས་མི་ཉམས་པར་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་དཔུང་སྡེའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།