བོད་ལྗོངས་ཀྱིས་སྨན་ཤོག་དགོས་པའི་སྨན་སྒྲིག་འགལ་ངང་འཚོང་བར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ།

233259e1-7bde-4036-9bc9-55ce49067555.jpg

འདི་ནི་སྨན་རྫས་ཚོང་ཁང་ཞིག་གི་སྨན་ཤོག་དགོས་པའི་སྨན་སྒྲོམ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པར་གཞིཌ་ན། མིག་སྔར་རང་ལྗོངས་ཀྱི་སྨན་རྫས་ཚོང་གཉེར་བདེ་འཇགས་ཀྱི་སྤྱིའི་གནས་ཚུལ་ཡག་པོ་ཡོད་མོད། འོན་ཀྱང་སྨན་ཤོག་དགོས་པའི་སྨན་སྨན་ཤོག་མེད་པར་འཚོང་བ་དང་། སྨན་ཤོག་གསལ་པོ་མེད་པ། ཞིབ་བཤེར་གཏན་འབེབས་བྱས་ནས་ཚོང་དགོས་པའི་སྨན་རྫས་ཁ་གསལ་མེད་པ། མིང་ངོ་མ་ཐོ་འགོད་ཡང་དག་མིན་པ། བྲིན་ཚོང་ཟིན་ཐོ་ཆ་མི་ཚང་བ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ་རེད།

ཐེངས་འདིའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནང་གཙོ་བོ་རང་ལྗོངས་ཀྱི་སྨན་ཤོག་དགོས་པ་དང་སྨན་ཤོག་མི་དགོས་པའི་རིགས་དབྱེ་དོ་དམ་བྱས་ཚུལ་དང་ལས་གཉེར་སྨན་སྦྱོར་བས་ལས་གནས་ཐོག་འགན་འཁྲི་བསྒྲུབས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། སྨན་ཤོག་དགོས་པ་དང་སྨན་ཤོག་མི་དགོས་པའི་སྨན་རིགས་དབྱེའི་དོ་དམ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ཐད། སྨན་ཤོག་དགོས་པའི་སྨན་དང་སྨན་ཤོག་མི་དགོས་པའི་སྨན་ཁག་སོ་སོར་བསྒྲིགས་ཡོད་མེད་དང་། ཆེད་སྤྱོད་མཚོན་རྟགས་ཡོད་མེད། སྨན་རྫས་རིགས་དང་སྤྱོད་གོར་གཞིགས་ནས་རིགས་དབྱེ་སྒྲིག་གཤོམ་བྱས་ཡོད་མེད། སྨན་མིན་པའི་རིགས་ལ་ཆེད་དམིགས་ཟོག་སྒྲོམ་ཡོད་མེད་དང་། དེ་དག་སྨན་རྫས་དཀྱུས་མའི་ཁུལ་ལས་མངོན་གསལ་གྱིས་ལོགས་སུ་བཀར་ཡོད་མེད་དང་མཚོན་རྟགས་གསལ་པོ་ཡོད་མེད་སོགས་ལ་ཞིབ་བཤེར་བྱས་པ་རེད།

གཞན་ཡང་། ལྗོངས་ཡོངས་ཀྱི་རིམ་ཁག་སྨན་རྫས་ཚོང་གཉེར་ལྟ་འདོམས་འགན་ནུས་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་ཚོང་གཉེར་ཚན་པར་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྨན་ཤོག་དགོས་པའི་སྨན་སྒྲིག་འགལ་ངང་འཚོང་བ་དང་། ཁྱབ་ཁོངས་ལས་བརྒལ་ནས་སྨན་འཚོང་བ། ལས་གཉེར་སྨན་སྦྱོར་བའི་ལག་ཁྱེར་གཡར་བ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད། སིལ་ཚོང་མུ་འབྲེལ་སྤྱི་ཁྱབ་པུའི་གཤམ་འོག་གི་ཚོང་ཁང་གིས་སྨན་ཤོག་དགོས་པའི་སྨན་སྒྲིག་འགལ་ངང་འཚོང་རིགས་ཤེས་ཚེ། དེའི་སྤྱི་ཁྱབ་པུའི་དོ་དམ་འགན་འཁྲིར་བདའ་འདེད་གཏོང་རྒྱུ་དང་འབྲེལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་རེད། ཞིབ་བཤེར་ཡང་ཡང་བྱས་ཀྱང་སྔར་བཞིན་སྒྲིལ་སྲོལ་ལས་འགལ་བ་དང་། ཁྲིམས་འགལ་གྱི་གནས་ཚུལ་ཚབས་ཆེ་བའི་ཁེ་ལས་ལ《སྨན་རྫས་ཚོང་གཉེར་གྱི་སྤུས་ཚད་དོ་དམ་ཚད་གཞིར》བརྩི་སྲུང་མ་ཞུས་པར་སྨན་རྫས་ཚོང་གཉེར་བྱས་པར་གཞིགས་ནས་ཆད་པ་གཅོད་རྒྱུ་དང་འབྲེལ། ཡོངས་བསྒྲགས་ངང་དམར་རྗེན་དུ་འདོན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།