ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་བྱང་སྐོར་ལམ”གྱི་ཡུལ་སྐོར་མིང་བྱང་གསར་པ་བཏོད་པ།

༡.jpg

པར་འདི་ནི་མཛད་སྒོའི་ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི“2021ལོའི་ལྷ་སའི་བྱང་སྐོར་ལམ་གྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པའི་ཉམས་ལེན་ལམ་ཐིག་གི་བྱ་འགུལ”སྤེལ་མགོ་ཚུགས་པའི་མཛད་སྒོ་ལྷ་སར་བསྡུས་པ་རེད། ཐེངས་འདིའི་བྱ་འགུལ་སྟེང་ལྷ་སའི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཞིང་སྡེའི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་གཏོང་བ་དམིགས་འབེན་དུ་བཟུང་སྟེ། རྒྱལ་ཡོངས་སྨྱན་སྦྱོར་ཁག་གི་དྲིལ་བསྒྲགས་སྤེལ་གཏོང་དང་། ཡུལ་སྐོར་ཚོང་པའི་ལམ་ཐིག་ཁྱབ་སྤེལ། དྲ་གྲགས་ཀྱི་ཐད་གཏོང་བཅས་བརྒྱུད་དེ། “ལྷ་སའི་བྱང་སྐོར་ལམ”གྱི་མཛེས་ལྗོངས་ལམ་ཐིག་རྩེ་གྲའི་སྐད་གྲགས་ཆེ་རུ་བཏང་ནས། ལྷ་ས་གྲོང་ཁུལ་དང་དེ་བཞིན་དེའི་མཐའ་འཁོར་གྱི་ལོ་རྒྱུས་རིག་གནས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཡུལ་སྐོར་བ་སྔར་བས་མང་པོར་སྟོན་རྒྱུ་རེད།

༢.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད།

ཤེས་གསལ་ལྟར་ན། “ལྷ་སའི་བྱང་སྐོར་ལམ”ནི་ལྷ་ས་སྐོར་བའི་ཡུལ་སྐོར་མཛེས་ལྗོངས་ལམ་ཐིག་ཅིག་ཡིན་ལ། དེ་ལ་ལམ་ཐིག་གཙོ་བོ1དང་། ཡན་ལག་ལམ་ཐིག4། ལམ་ཐིག་ཕལ་བ2བཅས་ཡོད་པ་དང་། ལམ་ཐིག་ཉེ་འཁོར་གྱི་ས་བབ་མཐོ་ཚད་སྨི3600ནས4500བར་ཡོད་ཅིང་། དེའི་རྒྱུད་དུ་ས་གནས་རང་གི་ཁྱད་ཆོས་ལྡན་པའི་བོད་གྲོང་དང་རོང་འབྲོག་ཁུལ། དམངས་ཁྲོད་བཟོ་རྩལ་སོགས་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་གངས་རི། འཁྱགས་རོམ། མཚོ་མོ། རྩྭ་ཐང་། གྲོག་རོང་། གཤོང་ས་སོགས་རང་བྱུང་མཛེས་ལྗོངས་སྣ་ཚོགས་ཡོད་པས་ཡུལ་སྐོར་བ་དག་ལ་ཧ་ཅང་འཚམ་པ་དང་། དེར་མཚོ་བོད་མཐོ་སྒང་གི་མཛེས་ལྗོངས་ཕུན་སུམ་ཚོགས་ཤིང་ལམ་ཐིག་ཚགས་དམ་པའི་ལྗོངས་གཟིགས་ལམ་ཐིག་རྩེ་གྲ་ཞེས་འབོད་ཀྱིན་ཡོད།

༣.jpg

༤.jpg

པར་འདི་ནི་བྱ་འགུལ་སྤེལ་བའི་ཡུལ་དངོས་རེད།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལྟར། ལྷ་སའི་ཡུལ་སྐོར་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས“ལྷ་སའི་བྱང་སྐོར་ལམ”གྱི་ཡུལ་སྐོར་ལམ་ཐིག་བཏོད་པ་དང་། རིག་གནས་ཡུལ་སྐོར་མཐོར་འདེགས་ལས་གཞི་དང་། ཞིང་སྡེའི་ཡུལ་སྐོར་དམངས་ཕྱུག་ལས་གཞི། ཤེས་རིག་ཡུལ་སྐོར་གྱི་ལས་གཞི་སོགས་གཙོ་གནད་ལས་འགན་ལག་བསྟར་བྱས་པ་བརྒྱུད། ཡུལ་སྐོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “ཞིང་སྡེ་མཛེས་ཤོས”ཀྱི་ཉམས་ལེན་ཡུལ་སྐོར་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ཅེས་ངོ་སྤྲོད་བྱས།

༥.jpg

པར་འདི་ནི་བྱ་འགུལ་སྤེལ་བའི་ཡུལ་དངོས་ཀྱི་རྣམ་པ་རེད།

ཡུལ་སྐོར་བར་སྔར་བས་མང་བོའི་གདམ་ག་དང་སྤུས་ལེགས་ཀྱི་ཉམས་ལེན་མཁོ་འདོན་བྱ་ཆེད། ཐེངས་འདིའི་བྱ་འགུལ་གྱི་ཉམས་ལེན་ལམ་ཐིག་གི་འཆར་གཞིའི་ཁྲོད་བྱ་འགུལ་སྤེལ་མཁན་ཕྱོགས་ཀྱིས་ད་དུང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ལྷུན་གྲུབ་རྫོང་གི་གསར་བརྗེའི་སློབ་གསོའི་རྟེན་གཞི། སི་ཁྲོན་དང་མཚོ་སྔོན་གྱི་མི་རིགས་དཔའ་བོའི་རྗེས་དྲན་རྡོ་རིང་སོགས་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། སྟག་གདོང་གྲོང་ཚོ། ཚལ་སྣེ་ཤང་། ས་གཙང་བཟོ་ལས་གླིང་། རྒྱུ་ཆ་འདེབས་འཛུགས་རྟེན་གཞི་སོགས་གསར་དར་མཛེས་ལྗོངས་ཁུལ་བཅས་ཆེད་དུ་བཙུགས་ཏེ། ཡུལ་སྐོར་བ་སྔར་བས་མང་བོར་ལྷ་སའི་ས་ཕྱོགས་གང་སར་མཛེས་ལྗོངས་མཐོང་ཐུབ་པ་དང་དུས་ནམ་ཡང་ཡུལ་སྐོར་བྱེད་ཐུབ་པ་མྱོང་ཚོར་བྱེད་དུ་བཅུག

༦.jpg

པར་འདི་ནི་མཛད་སྒོའི་ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།