རྒྱལ་ཁབ་ཀྱི་ཡོན་ཧྲི་དང་ཆེད་མཁས་པ་བོད་ལྗོངས་སུ་བསྐྱོད་ནས་བདེ་ཐང་འོས་འགན་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བ།

1310183312_16314447635931n.jpg

པར་འདི་ནི་ཆེད་མཁས་པས་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ས་ཁུལ་གྱི་རྒྱུན་སྡོད་མི་འབོར་གྱི་བདེ་ཐང་གི་གཞི་རྩའི་གནས་ཚུལ་སྔར་བས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་ཆེད། ཚེས10ཉིན་གྱི་སྔ་དྲོར། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་ཀྱི་ཡོན་ཧྲི་དང་ཆེད་མཁས་པ་བོད་ལྗོངས་སུ་བསྐྱོད་དེ་འོས་འགན་སྨན་བཅོས་དང“བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་རྣམ་གྲངས་གཞིས་ཀ་རྩེ་གྲོང་ཁྱེར་དུ་དངོས་སུ་མགོ་ཚུགས་པ་རེད། 

ཐེངས་འདིའི་ཆེད་མཁས་ཚོགས་པ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། རྒྱལ་ནང་གི་མིང་གྲགས་ཅན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་རིག་པ་སོགས་རིག་ཚན་ཁག་གི་ཆེད་མཁས་པ་བསྡོམས་པས་མི47ལས་གྲུབ་པ་དང་། འོས་འགན་སྨན་བཅོས་ཀྱི་བྱ་འགུལ་དེ་ཟླ9པའི་ཚེས13ཉིན་བར་སྤེལ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། “བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་རྣམ་གྲངས་ཀྱི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་བདེ་ཐང་སྨན་བཅོས་ཀྱི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་བཏང་ནས། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དེ་རེད། མ་འོངས་བར་རྣམ་གྲངས་དེས་བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་ས་བབ་རང་བཞིན་གྱི་ན་ཚ་སྟེ། སྙིང་ཁམས་ཁྲག་རྩའི་ཆེད་ཚན་གྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་རྣམ་གྲངས་སྤེལ་རྒྱུ་དང་ཆབས་ཅིག་ཏུ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གྲལ་བཤེར་བརྟག་དཔྱད་དང་། དེ་བཞིན་སྨན་ཁང་གཞན་དུ་བརྗེས་ནས་སྨན་བཅོས་བྱ་རྒྱུར་ཡུན་རིང་སྤྱི་ཕན་གྱི་རོགས་སྐྱོར་བྱ་རྒྱུ་རེད།

1310183312_16314447636591n.jpg

པར་འདི་ནི་ཆེད་མཁས་པས་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བའི་ཡུལ་དངོས་རེད།

པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་སྙིང་ཁམས་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཧོ་ཡུང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཕན་བྱ་འགུལ་དེས་བོད་ལྗོངས་ས་ཁུལ་གྱི་མང་ཚོགས་ཁྲི300ལྷག་ལ་ཆེད་ཚན་གྱི་གཟུགས་པོར་བརྟག་དཔྱད་དང་། མཐོ་སྒང་གི་རྒྱུན་མཐོང་ནད་དང་གཅོང་ནད། དེ་བཞིན་ཉེན་ཁ་ཞིབ་བཤེར་གདམ་གསེས་བྱས་ཏེ། ཉེན་ཁ་ཆེ་བའི་མི་ཚོགས་སྔ་མོར་ཤེས་རྟོགས་ཐུབ་ནས་མགྱོགས་མྱུར་སྔོན་འགོག་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་ད་དུང་འགག་རྩའི་གཞི་གྲངས་བསྡུ་རུབ་བྱས་ནས་རྒྱལ་ཁབ་བདེ་ཐང་གི2030ལོའི་འཐབ་ཇུས་འཆར་འགོད་ལ་དཔྱད་གཞིའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

བྱ་འགུལ་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། “བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བའི”སྤྱི་ཕན་རྣམ་གྲངས2021ལོ་ནས2025ལོའི་སྤེལ་རྩིས་ཡོད་ཅིང་། དེའི་རིང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྙིང་ཀླད་ཁྲག་རྩའི་ཆེད་ཚན་འགོག་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དང་མཐོར་འདེགས་སུ་བཏང་སྟེ། 2025ལོའི་རྗེས་སུ་སྤྱི་ཕན་བྱ་འགུལ་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་གཞི་རྩའི་ཆ་ནས་ཆགས་པར་བརྩོན་ལེན་བྱས་ནས། སྙིང་ཀླད་ཁྲག་རྩའི་ནད་དང་མིག་ནད་སྔོན་འགོག་བདེ་སྲུང་ཞབས་ཞུ་བོད་ལྗོངས་ཀྱི་མི་ཚོགས་ཡོངས་ལ་ཁྱབ་པ་དང་། མི་དམངས་མང་ཚོགས་ཀྱི་ལུས་གསོའི་དགོས་མཁོ་སྐོང་ཐུབ་ཟེར།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།