ལྷ་ས་གྲོང་ཁྱེར་སློབ་གསོ་ཅུའུ་ཡིས་སློབ་གྲྭའི་འཐབ་ས་གཙོ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་གཞི་རྩའི་ལས་འགན་མཐའ་འཁྱོངས་བྱས་ཏེ་གཞོན་ནུ་ལོ་ཆུང་དང་བྱིས་པའི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་སློབ་མའི་དགོས་མཁོར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་ཕྱོགས་ཁག་དང་མཉམ་འདྲེས་དང་། བསམ་བློ་ཆབ་སྲིད་ལས་དོན་ཁོངས་གཏོགས་ཀྱི་ལྷུ་ཚིགས་རེ་རེ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ་སློབ་གྲྭའི་འཐབ་ས་གཙོ་བོ་དང་། སློབ་ཚན་གྱི་ཐབས་ལམ་གཙོ་བོ། དགེ་རྒན་གྱི་ནུས་པ་གཙོ་བོ་བཅས“ནུས་པ་ཆེན་པོ་གསུམ”འདོན་སྤེལ་གང་ལེགས་བྱེད་པ་དང་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དང་། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན། ལག་ལེན་བྱེད་སྒོའི་སློབ་ཚན་བཅས“སློབ་ཚན་ཆེན་པོ་གསུམ”བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སློབ་གྲྭར་ཁྱབ་པ་དང་མི་སེམས་ལ་ཟུག་པ་བྱས་ནས་རྒྱ་ཆེའི་སློབ་མས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དད་སེམས་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པ་བྱས་ཡོད།

གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭའི་སློབ་གསོ་དེ་འཐབ་ས་གཙོ་བོར་བྱས་ཏེ“རྒན་གཞོན་ལག་གདང་སྦྲེལ་བའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ནས་སློབ་གྲྭ་དང་ཁྱིམ་ཚང་སློབ་གསོའི་ཁྲོད་ཀྱི་སློབ་མའི་སྦྲེལ་ཟམ་གྱི་ནུས་པ་ཡག་པོ་འདོན་པ་དང་། སློབ་གྲྭ་དང་ཁྱིམ་ཚང་གིས་མཉམ་སྐྱོང་གི་ལས་སྟེགས་ཧུར་ཐག་འཛུགས་པ། ཁྱིམ་བདག་ཨུ་ལྷན། བརྗོད་དོན་གཙོ་བོའི་ཁྱིམ་བདག་ཨུ་ལྷན། ཕ་མ་དང་བུ་ཕྲུག་གི་བྱེད་སྒོ། ཁྱིམ་ཚང་དུ་བསྐྱོད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སློབ་གྲྭའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འཐབ་ས་གཙོ་བོ་རྒྱ་སྐྱེད་དང་སྣུར་སྲིང་བྱས་པ་དང་། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་པ་དང་མཚམས་ནས་ཡུག་ཁུལ་ལ་ཁྱབ་པར་བྱས་ཏེ་སློབ་མས་ཁྱིམ་བདག་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་བཀའ་དྲིན་ཚོར་བར་སྐུལ་ཁྲིད་དང་ཤུགས་རྐྱེན་ཐེབས་པ་བྱས་ཏེ་ཁྱིམ་བདག་ཚོགས་པར་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་འཛུགས་པ་དང་། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་དུ་གཏོང་བ། ཁྱིམ་བདག་གི་ཆབ་སྲིད་བསམ་བློའི་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་རོགས་རམ་བྱས་ཏེ་རིམ་བཞིན་སྤྱི་ཚོགས་སུ་ཕན་འབྲས་ཡག་པོ་ཞིག་ཐོན་པར་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།