ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཉམས་རྒྱས་པའི་ས་མཐོའི་གང་སར་སློབ་སྦྱོང་གི་ཚ་རླབས་འཕྱུར་བཞིན་ཡོད། ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ལས་ཀའི་ཇུས་གཞི་བཟོ་བ་དང་། སྒྲོག་འགྲེལ་གྱི་གནད་བསྡུས་འབྲི་བ། སྒྲོག་འགྲེལ་གྱི་སྟོབས་ཤུགས་སྒྲིག་འཛུགས་བཅས་བྱས་ཏེ་ཟླ7པའི་ཚེས19ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7དང་། རྫོང་དང་ཆུས37དང་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་བཅས་སུ་ཆེད་དོན་སྒྲོག་འགྲེལ་སྤེལ་བས་ལྗོངས་ཡོངས་སུ“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཆེད་དོན་སྒྲོག་འགྲེལ་ཐེངས26བྱས་པ་དང་མི་ཐེངས་ཁྲི127ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་འབྲེལ་ཡོད་རྩོམ་ཡིག430ལྷག་ཙམ་སྤེལ་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བཅངས་ནས་འབད་འཐབ་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྒྲོག་འགྲེལ་གནད་བསྡུས་གཞིར་བཟུང་འཆད་ཁྲིད་གྲ་སྒྲིག་ནན་ཏན་བྱས་ཏེ། ས་ཁུལ་དང་། གྲོང་ཁྱེར། རྫོང་ཆུས་བཅས་ཁག་ཏུ་ཁྱོན་སྒྲོག་འགྲེལ་ཐེངས་39བྱས་པ་དང་སྒྲོག་འགྲེལ་ཉན་མཁན་མི་ཐེངས9000ལྷག་ཙམ་ཟིན་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་གི་སྒྲོག་འགྲེལ་རུ་ཁག་གིས་ཀྱང་དུས་ཐོག་ཏུ་སྒྲོག་འགྲེལ་བྱས་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གིས་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་ཁྲི་1ལྷག་ཙམ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ནུས་པ་གང་ལེགས་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་དང་མི་ཚང་མས་ཤེས་ཆེད་སྐུལ་འདེད་བཏང་བ་རེད།
བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྒྲོག་འགྲེལ་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་བཏོན་ཞིང་། སྒྲོག་འགྲེལ་བྱེད་རིང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པར་དེ་བས་སྣང་ཆེན་བྱས་པ་མ་ཟད། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྲུབ་འབྲས་སྒྲོག་འགྲེལ་བྱེད་རིང་ཏང་གིས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། དུས་རབས་གསར་པར་འབད་འཐབ་བཅས་ལ་འགོ་ཁྲིད་གནང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་མངོན་གསལ་དོད་པོས་སྒྲོག་འགྲེལ་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྒྲོག་འགྲེལ་ཉན་རིང་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དང་བསམ་བློའི་རླབས་ཆེན་སྟོབས་ཤུགས་ཚོར་ནས་དུས་རབས་གསར་པར་འབད་འཐབ་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཚ་རླབས་འཕྱུར་བ།