བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཐག་རིང་ལུང་ཁུག་གི་གྲོང་སྡོད་ལས་དོན་རུ་ཁག་ལ་གོས་བཀྲུའི་འཕྲུལ་འཁོར་ཞལ་འདེབས་ཕུལ་བ།

1310174971_16310697982251n.jpg

འདི་ནི་ཟླ་9ཚེས་7ཉིན། ལྷ་ས་ནས་པར་བླངས་པའི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་གོས་བཀྲུའི་འཕྲུལ་འཁོར་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།

1310174971_16310697980841n.jpg

འདི་ནི་ཟླ9ཚེས7ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐེ་བ་ནང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དབྱང་ཨའེ་ཅུན(གཡས)དང་འདམ་གཞུང་རྫོང་རྒྱ་རྡོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ལྷག་ཕུན་གྱིས་རང་འགུལ་ཅན་གྱི་གོས་བཀྲུའི་འཕྲུལ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས7ཉིན། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ལྷ་སར་གཅེས་སེམས་ཁེ་ལས་དང་མཉམ་དུ་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་ཏེ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ནག་ཆུ་སོགས་ཀྱི་ས་བབ་མཐོ་བ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོར་བཅའ་སྡོད་བྱེད་མཁན་གྲོང་སྡོད་ལས་དོན་རུ་ཁག་50ལ་རང་འགུལ་ཅན་གྱི་གོས་བཀྲུའི་འཕྲུལ་འཁོར་50སྤྲད་དེ། གྲོང་སྡོད་རུ་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་དང་སྤྱི་ཚོགས་ཀྱི་དགེ་སྒྲུབ་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།