རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བཞི་པ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བཞི་པ་ལྷ་སར་གཉེར་འགོ་ཚུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཡོང་པའི་བདམས་ཐོན་པ་150ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་ནི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཉེར་འགན་འཁུར་བ་རེད། འགྲན་བསྡུར་དུས་ཚོད་ཉིན་3ཡིན་པ་དང་། ཁྱོན་འགྲན་བསྡུར་རྣམ་གྲངས་10བཀོད་སྒྲིག་བྱས་ཡོད་པ་རེད།

སྐབས་འདིའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོས་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། དེའི་དམིགས་ཡུལ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་མི་སྣའི་འགན་ལེན་བྱ་ཆེད་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།