ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ལྷད་མེད་ཀྱི་འདམ་གཞུང”གིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2018ལོ་ནས་བཟུང་། འདམ་གཞུང་རྫོང་གིས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ལྷད་མེད་ཀྱི་འདམ་གཞུང”གཏོད་འགོ་བཙུགས་ནས་ས་གཙང་བདེ་ཐང་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔར“ལྷད་མེད་ཀྱི་འདམ་གཞུང”གིས་འདམ་གཞུང་གི་གནམ་མཚོ་དང་། ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ་དང“7100”འཁྱགས་རོམ་འཐུང་ཆུའི་སྤུས་རྟགས་བཏོད་པ་མ་ཟད། “ལྷད་མེད་ཀྱི་འདམ་གཞུང”སྤུས་རྟགས་འཕེལ་རྒྱས་ཀྱི་ཐོན་རྫས་མ་ལག་དང་། སྤུས་ཚད་མ་ལག མཁོ་སྤྲོད་འཁོར་འབྲེལ་མ་ལག་བཅས་ཀྱང་བདེ་བླག་ངང་བསྐྲུན་པ་རེད།

“འདམ་པའི་དགྱེས་སྟོན”ཞེས་པ་ནི“ལྷད་མེད་ཀྱི་འདམ་གཞུང”གིས་བཏོད་པའི་རིག་གནས་བཟའ་བཏུང་སྤུས་རྟགས་ཤིག་རེད་ལ། འདམ་གཞུང་རྫོང་གི་འབྲི་གཡག་ཐོན་ལས་འཁོར་འབྲེལ་གྱི་སྣུར་སྲིང་རྣམ་གྲངས་ཤིག་ཀྱང་རེད། དེར་རིག་གནས་བཟའ་བཏུང་གི་སྤུས་རྟགས་ཕུད། ད་དུང་བཟའ་བཏུང་གི་ཐབ་ཚང་ཨ་མའི་རྣམ་གྲངས་ཀྱང་ཡོད། “ལྷད་མེད་ཀྱི་འདམ་གཞུང”སྤུས་རྟགས་ཀྱི་འགན་འཁུར་བ་ཡུས་རུང་ཝུའེ་ཡིས། མིག་སྔར་འདམ་གཞུང་རྫོང་གིས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང“རྩམ་པའི་ཐབ་ཚང་ཨ་མའི”རྣམ་གྲངས་ཐད་མཉམ་ལས་བྱས་པ་དང་། སང་ལོ་མུ་མཐུད་ནས“ཚགས་ཤའི་ཐབ་ཚང་ཨ་མའི”རྣམ་གྲངས་གྲབས་འཛུགས་བྱ་རྒྱུ་རེད། ཐབ་ཚང་ཨ་མར་བརྟེན་ནས་ཚད་ལྡན་གྱི་ཐོན་རྫས་མ་ལག་འགྲུབ་པར་བྱས་ནས། “འདམ་པའི་དགྱེས་སྟོན”སྤུས་རྟགས་གཉེར་སྐྱོང་དང་རྒྱ་སྐྱེད་གཏོང་ཕྱིར་འདེགས་སྐྱོར་བྱེད་པ་དང་། རིག་གནས་བཟའ་བཏུང་གི་བྱེད་ཐབས་ལ་བརྟེན་ནས་ལྷད་མེད་ཀྱི་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”སྤུས་རྟགས་ཁྱབ་གདལ་དང་ཆབས་ཅིག འདམ་གཞུང་གི་འབྲི་གཡག་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱ་རྒྱུ་རེད་ཅེས་བཤད།

“འདམ་པའི་དགྱེས་སྟོན”རྣམ་གྲངས་ཀྱིས་ད་དུང་སློབ་ཆེན་སློབ་མའི་ལས་ཞུགས་དང་ཞིང་འབྲོག་པར་ཡོང་འབབ་འཕར་བར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མིག་སྔར་མི་9དེ་གར་ལས་ཞུགས་ཐུབ་ཡོད་པ་རེད། རྣམ་གྲངས་དེའི་བཟའ་བཏུང་ཁང་དང་ཐབ་ཚང་ཨ་མ་སོགས་ཀྱིས་འདམ་གཞུང་རྫོང་དང་ས་གནས་དེ་གའི་ཞིང་འབྲོག་པ་དང་སློབ་ཆེན་སློབ་མ་སོགས་ལ་སྔོན་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱ་རྒྱུ་རེད། ཕྱིན་ཆད་མངགས་ཐོའི་འབྲོག་ལས་ཀྱི་བྱེད་ཐབས་སྤྱད་དེ་ཁ་ཕྱོགས་གཏན་འཁེལ་གྱིས་འདམ་གཞུང་རྫོང་གི་ཞིང་འབྲོག་པའི་ས་ནས་ཚགས་ཤ་ཉོ་བ་དང་། ཞིང་འབྲོག་པས“འདམ་པའི་དགྱེས་སྟོན”གྱི་ཚད་གཞི་ལྟར་འབྲི་གཡག་གསོ་ཚགས་བྱ་རྒྱུ་མ་ཟད། ཚགས་ཤའི་རིན་གོང་ཁྲོམ་རའི་རིན་གོང་ལས་མཐོ་བ་ཡོད་པས་ཞིང་འབྲོག་པར་ཡོང་འབབ་འཕར་བར་དེ་བས་ལེགས་པའི་རམ་འདེགས་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་ལ་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་རྫོང་། 2020ལོའི་ལོ་འཁོར་གྱི་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གི་དཔེ་སྟོན་རྫོང་དང་གྲོང་ཁྱེར། 2020ལོའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་ལྡན་པའི་སིལ་ཚོང་སྤུས་རྟགས་གསར་པ། ཀྲུང་གོའི་ཆུ་གཙང་ལེགས་གྲས་བརྒྱ་ཡི་རྫོང་དང་གྲོང་ཁྱེར་གྱི་ཀ་པ་རིམ་པ་དང་པོ་ནས་གསུམ་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ནས། “ལྷད་མེད་ཀྱི་འདམ་གཞུང”གི་སྤུས་རྟགས་ཁྱབ་སྤེལ་དང་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།