སྟོད་ལུང་བདེ་ཆེན་ཆུས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་། དེ་བས་སྤུས་ལེགས་ཀྱི་ལས་གནས་གསར་སྤེལ་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ“སྔ་ཙམ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཡག་པོ་ཐུབ་པ”བྱ་ཆེད། ཉེ་དུས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དུ་འཚོགས་པ་རེད།

གོམ་སྟབས་རྗེས་མར། སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མར་དེ་བས་ལེཌ་པའི་ལས་ཞུཌ་ལྟ་སྦྱོང་གི་ལས་སྟེགས་མཁོ་འདོན་བྱེད་རྒྱུ་ཡིན་པ་དང་། ལྟ་སྦྱོང་སློབ་མས་ལྟ་སྦྱོང་བརྒྱུད་རང་ཉིད་ཀྱི་ཆེད་ལས་ཤེས་བྱ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་ནས་སླད་ཕྱིན་གྱི་ལས་ཞུགས་ཆེད་རྨང་གཞི་ཡག་པོ་འདིང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།