འབྱོར་འབྲིང་གྲོང་ཚོས་བོད་ལྗོངས་ཀྱི་མཐའ་མཚམས་སུ་འོད་སྣང་སྦྱིན་པ།

139981018_16224563661561n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་གནས་པའི་ཡུལ་སྨད་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད་ཅིང་།ས་བབ་ལ་སྨི4000ཟིན་པ་དང་། “ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་བརྗོད་པའི་མཐའ་མཚམས་ཤང་འདི་གར་སྐབས་ཤིག་རིང་གཡང་འཛོམས་དང་། སྒྲོལ་དཀར་དང་ཁོང་གཉིས་པོའི་ཚེ་ལས་འདས་པའི་ཨ་ཕ་གསུམ་ལས་མེད་ལ། ད་ལྟ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཡུལ་སྨད་ཤང་འདི་ཉིད་ཤང་གཅིག་དང་གྲོང་ཚོ་གཉིས་ཀྱི་འབྱོར་འབྲིང་ཤང་གྲོང་དུ་གྱུར་ཡོད། ཡུལ་སྨད་ཤང་དུ་གྲོང་མི200ལྷག་གི་ཇེ་མང་དུ་ཕྱིན་ཡོད།

ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ཤིང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་ནང་སྡོད་ཁང་ལེགས་སྒྱུར་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། ཐོན་ལས་འཛུགས་སྐྲུན། སྐྱེ་ཁམས་དང་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བཅས་ཚུད་ཡོད།

139981018_16224563108701n.jpg

2020ལོའི་ལོ་མཇུག་བར། བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ604ཚད་གཞི་མཐོན་པོས་བསྐྲུན་པ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས206ཚང་མ་ལས་མགོ་ཚུགས་པ་རེད། མཐའ་མཚམས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་དང་། མཐའ་མཚམས་ཀྱི་གཞུང་ལམ130དང་སྤྱི་ལེ3080གསར་སྐྲུན་རྒྱས་སྐྲུན་བྱས་ལ། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཡོངས་སུ་སྦྲེལ་མཐུད་བྱས་ཏེ་གྲོང་ཚོ་ཚང་མར་ཡིག་ཟམ་ཤར་གཏོང་ཐུབ་པ་དང་སྤོ་སྒུལ་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ་དང་། ཞིང་སྡེའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བཅས་བྱུང་ཡོད། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

src=http___imagepphcloud.thepaper.cn_pph_image_148_102_556.jpg&refer=http___imagepphcloud.thepaper.jpg

ཁོར་ཡུག་མཛེས་སྡུག་ལྡན་པའི་འབྱོར་འབྲིང་གྲོང་ཚོ་དག་གིས་བོད་ལྗོངས་ཀྱི་མཐའ་མཚམས་སུ་འོད་སྣང་སྦྱིན་པ་དང་། སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་ས་ཁོངས་གང་སར་སྲུང་སྐྱོང་བྱེད་བཞིན་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།