ཟླ1པོ་ནས་ཟླ7པའི་བར་ལྗོངས་ཡོངས་ཀྱི་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི3.2གསར་སྣོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2021ལོའི་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་བཀོད་སྒྲིག་ཚོགས་འདུ་ལྷ་སར་བསྡུས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཟླ7པོ་ནས་ཟླ7པའི་བར་ལྗོངས་ཡོངས་སུ་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི3.2གསར་སྣོན་བྱུང་སྟེ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3%ནང་ཚོད་འཛིན་བྱས་ཡོད་པ་དང་། རོང་འབྲོག་ཁུལ་གྱི་ངལ་ནུས་ཁྲི55.4སྤོ་སྒྱུར་བྱས་ནས་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར46.1མངོན་འགྱུར་བྱུང་བ། རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་ཁྲི7ལྷག་ཡོངས་བསྒྲགས་བྱས་པ། མི་ཁྲི6ལྷག་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བ་རེད།

ལོ་སྟོད་དུ། བོད་ལྗོངས་ཀྱི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བོད་ལྗོངས་ཀྱི་ལས་ཞུགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱས་ནས་འབད་འབུངས་མདུན་སྐྱོད་བྱས་པ་རེད། མིག་སྔར། བོད་ལྗོངས་ཀྱི་ལས་ཞུགས་ཆ་འཕྲིན་ཅན་གྱི་རིག་ནུས་ལས་སྟེགས་རགས་ཙམ་བསྐྲུན་ཟིན་པ་དང་། ཤང་གྲོང་གི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་མཐོར་འདེགས་ལེགས་པོ་ཕྱིན་པ། མཐོ་སློབ་མཐར་ཕྱིན་སློབ་མའི“ཕྱོགས་མང་གཞི་གཅིག”གི་ལས་ཞུགས་རྣམ་པ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། རོང་འབྲོག་ཁུལ་གྱི་ངལ་ནུས་སྤོ་སྒྱུར་ལས་ཞུགས་རྩ་འཛུགས་ཅན་གྱི་ཚད་གཞི་ཉིན་རེ་བཞིན་ཇེ་མཐོར་ཕྱིན་པ། ལྗོངས་ཕྱི་ནང་གི་ལས་ཞུགས་ཆ་འཕྲིན་ཐབས་ལམ་སྔར་བས་སྟབས་བདེ་རུ་ཕྱིན་པ། ཤང་གྲོང་གི་ངལ་རྩོལ་པའི་རྩལ་ནུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ལས་ཞུགས་ལས་སྐྲུན་ལས་དོན་གྱི་ལོ་འཁོར་གྱི་ལས་འགན་དང་དམིགས་ཚད་ཁག་མང་པོ་ཞིག་སྔོན་དཔག་ལས་ལེགས་པ་བཅས་ཀྱི་གྲུབ་འབྲས་ཐོན་ཡོད།

བཀོད་སྒྲིག་ཚོགས་འདུའི་ཐོག་གྲོང་ཁྱེར(ས་ཁུལ)བདུན་གྱི་ལོ་སྟོད་ཀྱི་ལས་ཞུགས་ལས་སྐྲུན་ལས་དོན་གྱི་བྱེད་ཐབས་བཟང་པོའི་ཐད་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་ཁྲུའུ་དང་ལྟེ་གནས་ཀྱིས་གྲོང་ཁྱེར(ས་ཁུལ)ཁག་གི་ལས་ཞུགས་ལས་སྐྲུན་ལས་དོན་ཐད་འབྲེལ་གཏུག་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།