ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་8ཚེས་25དང་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིང་ཨར་གྱིས་ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་ཆབས་ཅིག རྒྱ་ཆེའི་བོད་སྐྱོར་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་གཙོ་སྐྱོང་གནང་བ་རེད། ཁྲུང་ཆིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཤོན་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་མིང་ཆིང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཆིང་ཧྲན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་དང་འབྲེལ། བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།

ཚེས་25ཉིན་གྱི་ཕྱི་དྲོ། ཁྲུང་ཆིང་དང་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་པ་རེད། ཁྲེན་མིང་ཨར་གྱི་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་བོད་ཀྱི་ལས་དོན་ལ་གནད་སྨིན་མཛུབ་ཁྲིད་གནང་བ་ཞིག་ཡིན་པས་ང་ཚོས་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཁྲུང་ཆིང་ལ་ཚད་མཐོའི་ཡིད་ཆེས་གནང་བ་ཞིག་རེད་ལ། ཁྲུང་ཆིང་གི་ངོས་ནས་བརྗོད་ན་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་རེད།

ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱེད་པ་དང་། ཁ་གཏད་བོད་སྐྱོར་གྱི་བླང་བྱ་གལ་ཆེན་ལ་གོ་བ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་ལ་གོ་བ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། སེམས་ནུས་བཏོན་ནས་ཁྲུང་ཆིང་གི་བོད་སྐྱོར་བྱ་གཞག་འཕེལ་རྒྱས་ལ་ལེའུ་གསར་རྩོམ་པ་བཅས་བྱས་ནས་བོད་ལྗོངས་དང་ཁྲུང་ཆིང་གི་སྤེལ་རེས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཁྲེན་མིང་ཨར་གྱིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་ཁྲུང་ཆིང་མི་དམངས་ཀྱི་ཚབ་ཞུས་ཏེ་བོད་ཀྱིས་དུས་ཡུན་རིང་པོའི་ནང་ཁྲུང་ཆིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཁྲུང་ཆིང་གི་བོད་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ཏེ་ཁྲུང་ཆིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། ཁྲུང་ཆིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རང་ལྗོངས་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཝུའུ་དབྱིང་ཅེས་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

ཝུའུ་དབྱིང་ཅེས། ཁྲུང་ཆིང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་ཆབ་མདོར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ། རོགས་སྐྱོར་དང་ལེན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་རྒྱུ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

བོད་དུ་བརྟག་ཞིབ་གནང་རིང་། ཁྲེན་མིང་ཨར་གྱིས་འཐུས་མི་ཚོགས་པ་དང་བཅས་པའི་སྣེ་ཁྲིད་དེ“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ཆབ་མདོའི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་སྟེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཁྲེན་མིང་ཨར་གྱིས་ཁྲུང་ཆིང་གྲོང་ཁྱེར་གྱི་རོགས་སྐྱོར་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ཁྲུང་ཆིང་གི་བོད་སྐྱོར་ཁེ་ལས་ཡིན་པའི་བོད་ལྗོངས་དབྱི་ཁོ་ཕེན་ཁེ་ལས་ཚད་ཡོད་ཀུང་སིར་ཕེབས་ཏེ་ཁྱད་ལྡན་ཐོན་རྫས་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་མང་དུ་གཏོང་བའི་གནས་ཚུལ་བཀའ་འདྲི་ཡང་ཞུས་པ་རེད། ཁྲེན་མིང་ཨར་གྱིས་ཁེ་ལས་ལ་ཆབ་མདོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་དེ་བས་མང་བར་ཕན་པ་འདོགས་དགོས་པའི་ཐུགས་རེ་གནང་བ་རེད། ཁྲུང་ཆིང་གིས་རོགས་སྐྲུན་བྱས་པའི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་རིག་གནས་གྲོང་གིས་ཡུལ་སྐོར་ལས་རིགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་སྐུལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། ཁྲེན་མིང་ཨར་ད་དུང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་ཁྲུང་ཆིང་གི་སྨན་བཅོས་རོགས་སྐྱོར་གནས་ཚུལ་ངོ་སྤྲོད་གསན་པ་དང་རྒྱང་བརྟེན་གསོ་རིག་ལྷན་འཛོམས་ནད་དཔྱད་ལྟེ་གནས་ལ་ཕེབས་ནས་རྟོག་ཞིབ་གནང་སྟེ། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས་མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་རོགས་སྐྱོར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་སྟབས་བདེ་བའི་ཞབས་འདེགས་ཞུ་དགོས་པའི་སྐུལ་ལྕག་གནང་བ་རེད། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་སྐབས། ཁྲེན་མིང་ཨར་གྱིས་བོད་སྐྱོར་ལས་དོན་ནི་བླ་ན་མེད་པ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་རེད། ས་མཐོར་ལས་ཀ་བྱེད་མཁན་གྱི་བོད་སྐྱོད་ལས་བྱེད་པ་རྣམས་དཀའ་ལས་ཁག་སོང་ཞེས་གསུངས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་ངེས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཆབ་སྲིད་དང་བསམ་བློའི་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། གཟུགས་པོར་བདག་གཅེས་དང་བདེ་འཇགས་ལ་དོ་སྣང་བྱེད་པ། བརྩེ་དུང་དང་འགན་འཁྲི་ཡོད་པའི་སྒོ་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།