གཞིས་ཀ་རྩེར་མ་རྐང་ནང་ཞུགས་པར་བརྟེན་ནས་མང་ཚོགས་ལ་འབབ་འཕར་བྱུང་བ།

00dbee45-6a61-4650-85f2-0c3d798aaeba.jpg

པར་འདི་ནི་དིང་རི་རྫོང་ཉི་ཤར་ཤང་གམ་པའི་ལུག་གསོ་སྤེལ་མཉམ་ལས་ཁང་དུ་གྲོང་མི་ཞིག་གིས་ལུག་ལ་གཟན་རྩྭ་སྟེར་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་དེ་མཉམ་ལས་ཁང་གཉེར་བ་བརྒྱུད། གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གྲོང་མི་ཚོ་མ་དངུལ་དང་། ས་ཆ། ངལ་ནུས་སོགས་རྣམ་པ་སྣ་མང་སྤྱད་དེ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པར་སྣེ་ཁྲིད་བྱས་པ་དང་། ཐོན་ཁུངས་མ་རྩར་འགྱུར་བ་དང་། མ་དངུལ་མ་རྐང་ལ་འགྱུར་བ། གྲོང་མི་མ་རྐང་འཇོག་མཁན་ལ་འགྱུར་བ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།