G6ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་སའི་མཚམས་ཀྱི་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་པ།

W020210822627066573858.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན། G6ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་མཚམས་ཀྱི་རླངས་འཁོར་ཤར་གཏོང་ཚོད་ལྟའི་འཁོར་སྐྱོད་བྱས་ཤིང་། སྤྱིའི་རིང་ཚད་སྤྱི་ལེ227དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ120ཇུས་འགོད་བྱས་ཡོད། དེར་བརྟེན་སྤྱིའི་རིང་ཚད་ལ་སྤྱི་ལེ295ཡོད་པའིG6ཅིན་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་སའི་མཚམས(བསྡུས་མིང་ལ་ནག་ལྷ་མྱུར་བགྲོད་གཞུང་ལམ)ཀྱི་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་ཡོད་ལ། བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ1105ལ་སླེབས་ཡོད།

W020210822627226017131.jpg

ནག་ལྷ་མྱུར་བགྲོད་གཞུང་ལམ་ནི་ཆ་སྙོམས་ས་བབ་སྨི4500ཡན་གྱི་ས་ཁུལ་ཏུ་འཛུགས་སྐྲུན་བྱས་ཤིང་། དེ་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་མྱུར་བགྲོད་གཞུང་ལམ་ཡིན། རླངས་འཁོར་ཤར་གཏོང་བྱས་རྗེས་ལྷ་ས་གྲོང་ཁྱེར་ནས་ནག་ཆུ་གྲོང་ཁྱེར་བར་གྱི་ལམ་ཐག་སྔོན་ཆད་ཀྱི་ཆུ་ཚོད6ནས་ད་ལྟའི་ཆུ་ཚོད3བར་ཇེ་ཐུང་དུ་ཕྱིན་ཡོད། དེའི་ཁྲོད་ཡངས་པ་ཅན་ནས་ལྷ་སའི་མཚམས་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ100ཇུས་འགོད་བྱས་ཡོད་ལ་སྤྱིའི་རིང་ཚད་སྤྱི་ལེ68ཡོད་པ་དང་། 2020ལོའི་ཟླ10པའི་ཚེས1ཉིན་དངོས་སུ་རླངས་འཁོར་ཤར་གཏོང་བྱས། 

W020210822628193242236.jpg

ནག་ལྷ་མྱུར་བགྲོད་གཞུང་ལམ་ནི《རྒྱལ་ཁབ་གཞུང་ལམ་དྲ་རྒྱའི་འཆར་འགོད(2013ལོ-2030ལོ)》G6ཅིན་བོད་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཚོ་བོད་བགྲོད་ལམ་ཆེན་པོ་རྒྱ་སྐྱེད་དང་རིམ་སྤོར་གྱི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། དེས་མཚོ་བོད་བགྲོད་ལམ་ཆེན་པོའི་བདེ་བགྲོད་ནུས་པ་དང་བདེ་འཇགས་འགན་སྲུང་། སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་བོད་ལྗོངས་ཀྱིས་ད་དུངG6ཅིན་བོད་མྱུར་བགྲོད་གཞུང་ལམ་ན་གོར་མོ་ནས་ནག་ཆུའི་མཚམས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད། །

W020210822627611649331.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།